The Ten Commandments

༎ཀུན་དབང་ དཀོན་མཆོག་ ཡཱ་ཧོ་ཝས་ སལ་མཁན་ནི་ བཀའ་རྒྱ་ བཅུ༎

(ལ་དྭགས་ ཆོས་སྐད་དི་ནང་ང་།)

 

༡།  །ང་མ་གཏོགས་བར་གཞན་དཀོན་མཆོག་ཁྱོད་ལ་ཡོད་པར་མི་རུང་ངོ།

༢།  །སྐུ་འདྲ་དང་། སྟེང་གི་ནམ་མཁའ་འམ། འོག་གི་སའམ།

ས་འོག་གི་ཆུ་ལ་ཡོད་པའི་སེམས་ཅན་ཞིག་གི་གཟུགས་བརྙན་གང་ཡང་

ཁྱོད་ལ་མ་བྱེད། དེ་ལ་ཕྱག་མ་འཚལ། དེ་དག་ལ་བསྙེན་བཀུར་ཡང་

མ་བྱེད་ཅིག གང་ལ་ཟེར་ན། ང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ནི་

འཁྲེན་ཅན་ཞིག་ཡིན་ཏེ། ཕ་རྣམས་ཀྱི་སྡིག་པའི་ཕྱིར་བུ་ང་ལ་སྡང་བ་

རྣམས་ལ་བུ་ཚ་རབས་གསུམ་བཞིའི་བར་དུ་ཆད་པ་གཅོད།

ང་ལ་ཆགས་ཤིང་བཀའ་བཞིན་དུ་བྱེད་པ་རྣམས་ལ་

སྟོང་མང་པོ་རྣམས་ཀྱི་བར་དུ་སྙིང་རྗེ་མཛད་དོ།

༣།  ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་མཚན་དོན་མེད་དུ་མ་ལེན་ཞིག

།ཅི་ལ་ཟེར་ན། སུས་ཀྱང་ཁོང་གི་དོན་མེད་ལ་འཁུར་མཁན་དེ་

ཡ་ཧོ་ཝཱས་སྐྱོན་མེད་རྩི་བར་མི་འགྱུར་རོ།

༤།  དམ་པར་སྲུང་བའི་ཕྱིར་ཤབ་བད་ཀྱི་ཉིན་མོ་ཡིད་ལ་འཇོག་ཅིག

།ཞག་དྲུག་གི་བར་དུ་འབད་ཅིང་རང་གི་ལས་ཚང་མ་བྱོས་ཤིག

།འོན་ཀྱང་ཞག་བདུན་པ་ནི། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཤབ་བད་ཡིན་

པས། ཁྱོད་རང་དང་། ཁྱོད་ཀྱི་བུ་དང་། བུ་མོ་དང་། གཡོག་པོ་

གཡོག་མོ་དང་། ཁྱོད་ཀྱི་ཕྱུགས་དང་། ཁྱོད་ཀྱི་སྒོ་ཁང་ལ་ཡོད་པའི་

འགྲོན་པོས་ལས་གང་ཡང་མ་བྱེད་ཅིག །གང་ལ་ཟེར་ན། ཞག་དྲུག་ན་

ཡ་ཧོ་ཝཱས་ ནམ་མཁའ་དང་ས་དང་རྒྱ་མཚོ་དང་དེ་དག་ནང་ན་ཡོད་པ་

ཐམས་ཅད་མཛད་ནས། ཞག་བདུན་པ་ལ་དལ་བར་བཞུགས་སོ།

དེའི་ཕྱིར་ཡ་ཧོ་ཝཱས་ཤབ་བད་ཀྱི་ཉིན་མོ་དེ་བྱིན་གྱིས་བརླབས་ནས་

དམ་པར་མཛད་དོ།

༥། ཡ་ཧོ་ཝཱ་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་ནང་ཚེ་རིང་

བར་འགྱུར་བའི་ཕྱིར་དུ་ཁྱོད་ཀྱི་ཕ་མས་གཉིས་ལ་བཀུར་སྟི་བྱོས་ཤིག

༦།  མི་མ་གསོད་ཅིག

༧།  ལོག་གཡེམ་མ་བྱེད།

༨།  མ་རྐུ་ཞིག

༩།  ཁྱིམ་མཚེས་པར་རྫུན་གྱི་དཔང་པོ་མ་བྱེད་ཅིག

༡༠། ཁྱོད་ཀྱིས་གཞན་མིའི་ཁང་པ་ལ་མ་སྲེད་ཅིག  །ཁྱོད་གཞན་

མིའི་ཆུང་མ་དང་། གཡོག་པོ་དང། གཡོག་མོ་དང། བ་གླང་དང་།

བོང་བུ་དང་། ཁྱིམ་མཚེས་པའི་ཅི་ཡིན་པ་ཐམས་ཅད་ལ་མ་སྲེད་ཅིག

འཐེགས་པ་ 20:1­-16

 

Your encouragement is valuable to us

Your stories help make websites like this possible.