ཞལ་འདོན།
རེཝ་རེནད་ (དགེ་) ཨེ་ལི་ཡཱ་ ཚེ་བརྟན་ ཕུན་ཚོགས་ཀྱི་ རྩོམ།
༄༅༎ དུས་དང་གནས་སྐབས་ཐབས་ཅད་དུ།
སླུ་མེད་སྐྱབས་མགོན་རིན་པོ་ཆེ།
ཡེ་ཤུ་ཁྱེད་གཅིག་ཡིན་ཤེས་ནས།
ཡིད་ཆེས་དད་པ་བགྱིད་ལགས་སོ།
སྐྱིད་རུང་སྡུག་རུང་ན་ཚ་རུང་།
ཤི་རུང་གསོན་རུང་ཁྱེད་རང་ཤེས།
སྐྱབས་དང་རེ་ས་གཞན་ནས་མེད།
ཐུགས་རྗེས་གཟིགས་ཤིག་མ་ཤི་ཀ༎