སྤྱི་ལོ་ 2023ཡི་ རྒྱུན་སྒྲོག

December 31, 2023; Sunday

བདེ་སེམ་བར་ཚེས་ ༣༡།   གཟའ་ཉི་མ།

ཡེ་ཤ་ཡཱ་ ༦༡:༡༠-༦༢:༣།
གསུང་མགུར་ ༡༤༨།
ག་ལད་ཡཱ་པ་ ༤:༤-༧།
ལུ་ཀ་ ༢:༢༢-༤༠།

མདུན་ཕྲག་གི་གསུང་།
།དུས་རན་པ་དང་དཀོན་མཆོག་གིས་ཉིད་ཀྱི་སྲས་མངགས་ནས། 
བཀའ་ཁྲིམས་ཀྱི་གཡོག་ཏུ་ཡོད་པ་ང་ཚོ་ཐར་བར་མཛད་ཅིང་། སྲས་སུ་མཛད་པའི་ཕྱིར། བུད་མེད་ལ་བལྟམས་ཤིང་། བཀའ་ཁྲིམས་ཀྱི་འོག་ཏུ་འཁྲུང་སོ།
ག་ལད་ཡཱ་པ་ ༤:༤,༥།

།ཡུད་ཅིག་གི་ཕྱིར་ཁྱོད་ངས་སྤངས་ཀྱིས། བཀའ་དྲིན་ཆེན་པོའི་ནང་ནས་སྡུད་པར་བྱའོ།
ཡེ་ཤ་ཡཱ་ ༥༤:༧།

།ང་ཚོར་བྱམས་ཤིང་ཐུགས་རྗེའི་སྒོ་ནས་མཐའ་མེད་པའི་སེམས་བདེ་བ་དང་རེ་བཟང་གནང་བའི། གཙོ་བོ་ཡེ་ཤུ་མ་ཤི་ཀ་ཁོང་ཉིད་དང་། ང་ཚོའི་ཡབ་དཀོན་མཆོག་གིས། ཁྱེད་ཚོའི་ཡིད་ལ་བདེང་གནང་ནས། 
དགེ་བའི་ལས་དང་ངག་ལ་བརྟན་པར་མཛད་པར་ཤོག 
༢ ཐེ་ས་ལོ་ནི་ཀེ་པ་ ༢:༡༦-༡༧།

=================================

December 21, 2023; Thursday

བདེ་སེམ་བར་ཚེས་ 21།   གཟའ་ཕུར་པུ།

གསུང་མགུར་ 145:8-16།
ཧག་ག་ཨི་ 2།
མངོན་པ་ 17:9-18།

ངས་ཁྱོད་ཅག་གི་ནང་དུ་ཉིད་ཀྱི་ཐུགས་ཉིད་བཅུག་ནས་གསོན་པར་གྱུར་ཏེ། ཁྱོད་ནི་རང་ཡུལ་ནང་གནས་སུ་གཞུག་གོ །དེ་ནས་ཁྱོད་ཅག་གིས་ང་ཡ་ཧོ་ཝཱས་དེ་བཤད་ནས་བསྒྲུབ་པར་ཡང་བྱས་པ་རྟོགས་པར་འགྱུར་རོ།
ཨེ་ཟེ་ཀི་ཨེལ་ 37:14།

གཙོ་བོའི་ཐུགས་ཉིད་ཡོད་སར་ཐར་པ་ཡོད།
2 ཀོ་རིན་ཐུ་པ་ 3:17།

=================================

December 20, 2023;   Wednesday

བདེ་སེམ་བར་ཚེས་ 20།   གཟའ་ལྷག་པ།

གལུང་མགུར་ 145:1-7།
ཟེ་ཕན་ཡཱ་ 3།
ཧག་ག་ཨི་ 1།
མངོན་པ་ 17:1-8།

།ང་ཡི་སེམས་ཀྱེ་ཡ་ཧོ་ཝཱར་བསྟོད་ཅིག ། 
།ཁོང་གིས་ཁྱོད་ཀྱི་ཉེས་པ་ཀུན་སེལ་ཞིང་། 
།ཁྱོད་ཀྱི་ནད་གཞི་ཐམས་ཅད་གསོ་བར་མཛད།
གསུང་མགུར་ 103:2,3།

བྱམས་པ་ནི་ང་ཚོས་དཀོན་མཆོག་ལ་བྱམས་པ་དེ་མིན། དཀོན་མཆོག་གིས་ང་ཚོར་བྱམས་ཤིང་ཉིད་ཀྱི་སྲས་ང་ཚོའི་སྡིག་བཤགས་ལ་གནང་བ་དེ་ཡིན།
1 ཡོ་ཧ་ནན་ 4:10།

=================================

December 19, 2023; Tuesday

བདེ་སེམ་བར་ཚེས་ 19།   གཟའ་མིག་དམར།

གསུང་མགུར་ 144:9-15།
ཟེ་ཕན་ཡཱ་ 1, 2།
མངོན་པ་ 16:12-21།

།ཡ་ཧོ་ཝཱ་ཡི་སྤྱན་གྱིས་ཆོས་དྲང་དག་ལ་གཟིགས། 
།ཁོང་གི་སྙན་གྱིས་དེ་དག་ཀུན་གྱི་འོ་དོད་གསན།
གསུང་མགུར་ 34:15།

རེ་བ་ལ་སྤྲོ་ཞིང་། སྡུག་བསྔལ་ལ་བཟོད་ཅིང་། སྨོན་ལམ་ལ་བརྟན་པར་གནས་ཤིག  །
རོ་མ་པ་ 12:12།

=================================

December 18, 2023; Monday

བདེ་སེམ་བར་ཚེས་ 18།   གཟའ་ཟླ་བ།

གསུང་མགུར་ 144:5-8།
ཧབ་བ་ཁུག་ 2, 3།
མངོན་པ་ 16:1-11།

དུས་དང་ནམ་ཟླ་ཁོང་གིས་སྒྱུར་བར་མཛད། རྒྱལ་པོ་རྣམས་ཁོང་གིས་ཆམ་ལ་འབེབས་ཏེ། རྒྱལ་པོ་རྣམས་ཁོང་གིས་འཛུགས་པར་ཡང་མཛད། 
དཱ་ནི་ཨེལ་ 2:20-21། 

།དབང་ཅན་ཁྲི་ལས་ཕབ་མཛད་ནས།
།དམའ་བ་མཐོ་སར་བཏེགས་པར་མཛད།
ལུ་ཀ་ 1:52།

=================================

December 17, 2023; Sunday

བདེ་སེམ་བར་ཚེས་ 17།   གཟའ་ཉི་མ།

ཡེ་ཤ་ཡཱ་ 61:1-4, 8-11།
གསུང་མགུར་ 126།
1 ཐེ་ས་ལོ་ནི་ཀེ་པ་ 5:16-24།
ཡོ་ཧ་ནན་ 1:6-8, 19-28།

མདུན་ཕྲག་གི་གསུང་།
ཞི་བདེའི་དཀོན་མཆོག་ཉིད་ཀྱིས་ཁྱེད་ཡོངས་སུ་དམ་པ་མཛད་པར་ཤོག་ཅིག །ང་ཚོའི་གཙོ་བོ་ཡེ་ཤུ་འབྱོན་པའི་ཚེ། ཁྱེད་ཀྱི་ལུས་དང་སྲོག་དང་མཉམ་དུ་ལུས་སྲོག་སེམས་གསུམ་སྐྱོན་མེད་སྲུང་བར་ཤོག་ཅིག 
1 ཐེ་ས་ལོ་ནི་ཀེ་པ་ 5:23།

དཀོན་མཆོག་ནི་རྫུན་གསུང་བའི་མི་མ་ཡིན། ཐུགས་འགྱོད་མཛད་དུ་ཁོང་མིའི་བུའང་མིན།
གྲངས་ཀ་ 23:19།

དཀོན་མཆོག་སླུ་མེད་ལགས་པ་ལྟར། ང་ཚོར་ཡིན་མིན་གྱི་གཏམ་སྣ་གཉིས་མེད་དོ། ང་དང་སིལ་དང་ཏི་མོ་ཐེའུ་གསུམ་གྱིས་ཁྱེད་ལ་བསྒྲགས་པའི་དཀོན་མཆོག་གི་སྲས་ཡེ་ཤུ་མ་ཤི་ཀ་རྫུན་མིན་ཅིང་རྟག་ཏུ་བདེན་པའོ།
2 ཀོ་རིན་ཐུ་པ་ 1:18-19།

=================================

December 16, 2023; Saturday

བདེ་སེམ་བར་ 16།   གཟའ་སྤེན་པ།

གསུང་མགུར་ 144:1-4།
ན་ཧུམ་  3།
ཧབ་བ་ཁུག་ 1།
མངོན་པ་ 14:17-15:8།

ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིད་ཀྱི་མི་སྡེ་ལ་བཀའ་ལན་གནང་ཞིང་། ལྟོས་ཤིག །ངས་ཁྱོད་ལ་འབྲུ་དང་རྒུན་ཆང་དང་འབྲུ་མར་བརྫང་བ་དང་།  ཁྱོད་ཅག་དེས་ཚིམ་པར་འགྱུར་གསུངས་སོ།
ཡོ་ཨེལ་ 2:19།

ཡེ་ཤུས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བཞེས། ནམ་མཁར་གཟིགས་ཏེ་གསོལ་བ་བཏབ་ནས། 
བག་ལེབ་བཅག་སྟེ་ཉེ་གནས་ལ་གནང་། ཉེ་གནས་ཀྱིས་མི་ཚོགས་ལ་གནང་ངོ་། ཐམས་ཅད་ཀྱིས་ཟོས་ཏེ་ཚིམ་པར་འགྱུར་ཏོ།
མད་ཐཱ་ 14:19-20།

=================================

December 15, 2023; Friday

བདེ་སེམ་བར་ཚེས་ 15།   གཟའ་པ་སང་།

གསུང་མགུར་ 143:7-12།
ན་ཧུམ་ 1, 2།
མངོན་པ་ 14:6-16།

།གྲུ་གཟིངས་རྣམས་ནང་རྒྱ་ཚོར་འགྲོ་མཁན་གྱིས། 
།རྒྱ་མཚོར་ཡ་ཧོ་ཝཱའི་མཛད་པ་དང་ཁོང་གི །
།ངོ་མཚར་རྣམས་ནི་མཐོང་ངོ་ཇི་ལྟར་ན། 
།ཡ་ཧོ་ཝཱའི་བཟང་བ་ཉིད་དང་མིའི་བུ་ཚོར། 
།མཛད་པའི་ངོ་མཚར་རྣམས་ཕྱིར་བསྟོད་ན་ལེགས།
གསུང་མགུར་ 107:23,24,31།

ང་ཚོ་སྲོག་ཐར་ཞིང་གླིང་ཕྲན་དེའི་མིང་མལ་ཊ་ཡིན་པར་ཤེས་བྱུང་། 
གླིན་ཕྲན་དེའི་མི་ཚོས་ང་ཚོར་བཀའ་དྲིན་གཞན་དང་མི་འདྲ་བ་བྱས་བྱུང་། (དེར་ཆར་པ་འབབ་པས་གནམ་གྲང་བས) དེ་་ཚོས་མེ་བཏང་ནས་ང་ཚོ་དེར་བསུ་བ་བྱས་སོ།
མཛད་པ་ 28:1-2།

=================================

December 14, 2023; Thursday

བདེ་སེམ་བར་ཚེས་ 14།   གཟའ་པཕུར་པུ།

གསུང་ 143:1-6།
མི་ཀཱ་ 6, 7།
མངོན་པ་ 13:11-14:5།

།ཆོས་དྲང་རྣམས་ཀྱི་དོན་དུ་འོད་ཀྱི་ས་བོན་བཏབ།
།སྙིང་དྲང་རྣམས་ཀྱི་ཕྱིར་དུ་དགའ་སྤྲོའི་ས་བོན་བཏབ།
གསུང་མགུར་ 97:11།

ནམ་མཁའི་རྒྱལ་སྲིད་ནི། མར་མེ་འཁུར་ཏེ་མག་པ་བསུ་རུ་སོང་བའི་གཞོན་ནུ་མ་བཅུ་དང་འདྲ་སྟེ། ལྔ་བླུན་པོ་དང་ལྔ་འཛངས་མ་ཡིན།
མད༌ཐཱ་ 25:1-2།

=================================

December 13, 2023; Wednesday

བདེ་སེམ་བར་ཚེས་ 13།   གཟའ་ལྷག་པ།

གསུང་ 142།
མི་ཀཱ་ 3:8-4:5།
མངོན་པ་ 12:19-13:10།

།གཟིགས་ཁྱེད་ཡ་ཧོ་ཝཱས་ཡོངས་སུ་མི་མཁྱེན་པའི།
།ཚིག་ནི་གཅིག་ཀྱང་བདག་གི་ལྕེ་ཐོག་མེད།
གསུང་མགུར་ 139:4།

གཙོ་བོས་མུན་པའི་ནང་སྦས་པ་དང་ སྙིང་གི་བྱུས་རྣམས་མངོན་པར་མཛད་དོ།
1 ཀོ་རིན་ཐུ་པ་ 4:5།

=================================

December 12, 2023; Tuesday

བདེ་སེམ་བར་ཚེས་ 12།   གཟའ་མིག་དམར།

གསུང་མགུར་ 141:5-10།
མི་ཀཱ་ 1-3:7།
མངོན་པ་ 12:7-18།

དཀོན་མཆོག་གིས་ཞག་བདུན་པ་དེ་བྱིན་གྱིས་བརླབས་ཤིང་དམ་པར་མཛད་པ་ཡིན། གང་ལ་ཟེར་ན། ཞག་དེ་ལ་ཁོང་གིས་བཀོད་ནས་མཛད་པའི་ཕྲིན་ལས་ཐམས་ཅད་ཟིན་ཏེ་ཐུགས་དལ་བར་བཞུགས་པའི་ཕྱིར་རོ།
འགོད་པ་ 2:3།

བློ་ལས་འདས་པའི་དཀོན་མཆོག་གི་ཞི་བདེས། མ་ཤི་ཀ་ཡེ་ཤུའི་ངང་ན་ཁྱེད་ཚོའི་སྙིང་དང་བསམ་པ་རྣམས་སྲུང་བར་འགྱུར་རོ།
ཕི་ལིབ་པི་པ་ 4:7།

=================================

December 11, 2023; Monday

བདེ་སེམ་བར་ཚེས་ 11།   གཟའ་ཟླ་བ།

གསུང་མགུར་ 141:1-4།
ཡོ་ནཱ་ 3, 4།
མངོན་པ་ 11:15-12:6།

།ཡ་ཧོ་ཝཱ་ཁྱེད་དྲུང་ང་ཡི་གདུང་ཤུགས་ཡོད།
།བདག་གི་འཁུན་ལུགས་ཁྱེད་ལས་སྦས་པ་མེད།
གསུང་མགུར་ 38:9།

ཁོང་གི་ཐུགས་དགོངས་བཞིན་དུ་ཅི་ཞིག་ཞུ་ན། ཁོང་གིས་གསན་པའི་བློ་གདེང་ཡོད།
1 ཡོ་ཧ་ནན་ 5:14།

=================================

December 10, 2023; Sunday

བདེ་སེམ་བར་ཚེས་ 10།   གཟའ་ཉི་མ།

ཡེ་ཤ་ཡཱ་ 40:1-11།
གསུང་མགུར་ 85:1-2, 8-13།
2 པེ་ཊོ་ 3:8-15།
མར་ཀུ་ 1:1-8།

བདུན་ཕྲག་གི་གསུང་།
ཁོང་གིས་རྫི་བོ་ལྟར་ཉིད་ཀྱི་ཁྱུ་འཚོ་ཞིང་། ལུ་གུ་རྣམས་ཕྱག་གིས་བསྡུས་ཏེ་སྐུ་པང་དུ་བཞེས་པར་འགྱུར། 
ཡེ་ཤ་ཡཱ་ 40:11།

ཀྱེ་ཡ་ཧོ་ཝཱ་དཀོན་མཆོག །ཁྱེད་ཀྱི་ཕྲིན་ལས་དང་ཁྱེད་ཀྱི་མངའ་ཐང་བཞིན་དུ་མཛད་པའི་དཀོན་མཆོག་ནམ་མཁའ་དང་ས་ལ་གང་ན་ཡོད།
བཀའ་ལུང་ 3:24།

ཕྲིན་ལས་སོ་སོ་ཡོད་ཀྱང་། ཐམས་ཅད་ནང་དེ་སྐུལ་བར་མཛད་པའི་དཀོན་མཆོག་གཅིག་གོ །
1 ཀོ་རིན་ཐུ་པ་ 12:6།

=================================

December 9, 2023; Saturday

བདེ་སེམ་བར་ཚེས་ 9།   གཟའ་སྤེན་པ།

གསུང་མགུར་ 140:6-13།
ཨོ་བེད་ཡཱ་ 1།
ཡོ་ནཱ་ 1, 2། 
མངོན་པ་ 11:1-14།

།ཡ་ཧོ་ཝཱས་ངའི་སེམས་གཤིན་ཁམས་ནས་བཏོན་བྱུང་། 
།དུར་ནང་མི་འགྲོ་ཕྱིར་ང་གསོན་པོར་བཞག །
གསུང་མགུར་ 30:3།

ཡེ་ཤུས། གཤིན་པོས་དཀོན་མཆོག་གི་སྲས་ཀྱི་གསུང་ཐོས་པ་དང་། ཐོས་པ་རྣམས་གསོན་པའི་དུས་འབབ་འོང་བ་མ་ཟད་རན་ཏོ་ཞེས་ངས་བདེན་པར་ཟེར་གསུངས་སོ།
ཡོ་ཧ་ནན་ 5:25།

=================================

December 8, 2023; Friday

བདེ་སེམ་བར་ཚེས་ 8།   གཟའ་པ་སང་།

གསུང་མགུར་ 140:1-5།
ཨ་མོས་ 8, 9།
མངོན་པ་ 10།

ཁྱོད་ཀྱིས་སྔར་གྱི་བྱ་བ་རྣམས་ཀྱང་མ་དྲན་ཞིག །སྙིང་པའི་བྱ་བ་དག་ལའང་བསམ་མནོ་མ་ཐོངཞིག །ཀྱེ་ཧོ། ངས་བྱ་བ་གསར་པ་ཞིག་རྩོམ་པར་བྱ། ད་ལྟ་ནི་སྐྲུན་པར་བྱ། ཁྱོད་ཅག་གིས་དེ་ངོ་ཤེས་པར་མི་འགྱུར་རམ།
ཡེ་ཤ་ཡཱ་ 43:18-19།

ནམ་མཁའི་རྒྱལ་སྲིད་ནི། མི་ཞིག་གིས་རང་གི་ཞིང་ལ་བཏབ་པའི་ཡུངས་འབྲུ་ཞིག་དང་འདྲའོ།
མད་ཐཱ་ 13:31།

=================================

December 7, 2023; Thursday

བདེ་སེམ་བར་ཚེས་ 7།   གཟའ་ཕུར་པུ།

གསུང་མགུར་ 139:17-24།
ཨ་མོས་ 6,7།
མངོན་པ་ 9:12-21།

དེ་རུ་ཡིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོཝཱ་ལ་འོ་དོད་འབོད་ཅིང་ཁོང་ལ། བདག་ཅག་གིས་ཁྱེད་ཀྱི་དྲུང་དུ་སྡིག་པ་བྱས་ཏེ། རང་གི་དཀོན་མཆོག་སྤངས་པ་ཡིན་ཞུས་སོ།
ཁྲིམས་དཔོན་ 10:10།

ཟ་ཀར་ཡཱས།
  །ངའི་བུ་ཁྱོད་ཀྱིས་དཀོན་མཆོག་གི་མི་སྡེར། 
  །སྡིག་བཤགས་གནང་བའི་ཐར་པའི་ངོ་སྤྲོད་ཕྱིར། 
  །གཙོ་བོའི་ཕེབ་ལམ་བཤམ་ཕྱིར་སྔོན་དུ་འགྲོ། 
  ཞེས་ལུང་བསྟན་ཏོ།།
ལུ་ཀ་ 1:76-77།
=================================

December 6, 2023; Wednesday

བདེ་སེམ་བར་ཚེས་ 6།   གཟའ་ལྷག་པ།

གསུང་མགུར་ 139:13-16།
ཨ་མོས་ 4,5།
མངོན་པ་ 9:1-11།

ཁྱོད་ཀྱི་མྱ་ངན་གྱི་ཞག་རྣམས་ཟད་པར་འགྱུར་རོ།
ཡེ་ཤ་ཡཱ་ 60:20།

།བཀའ་དེ་སྐུ་ལུས་ལྡན་པར་སྤྲུལ།
།ང་ཚོའི་ཁྲོུད་དུ་བཞུགས་མཛད་དོ།
།ཡབ་ནས་བྱུང་བའི་སྲས་གཅིག་པོ།
།ཐུགས་རྗེ་བདེན་པས་གང་བ་་ཡི།
།གཟི་བརྗིད་ཁོ་ནར་ང་ཚོས་མཐོང་།
ཡོ་ཧ་ནན་ 1:14།

=================================

December 5, 2023; Tuesday

བདེ་སེམ་བར་ཚེས་ 5།   གཟའ་ཕུར་པུ།

གསུང་མགུར་ 139:7-12།
ཨ་མོས་ 1,2,3།
མངོན་པ་ 8།

།ངའི་ཐོག་ཉེས་པ་རྒྱལ་ཡང་ངེད། 
།འགལ་རྣམས་ཁྱེད་ཀྱིས་སེལ་བར་འགྱུར།
གསུང་མགུར་ 65:3།

དུས་རན་པ་དང་དཀོན་མཆོག་གིས་ཉིད་ཀྱི་སྲས་མངགས་ནས། 
བཀའ་ཁྲིམས་ཀྱི་འོག་ཏུ་ཡོད་པ་ང་ཚོ་ཐར་བར་མཛད་ཅིང་། སྲས་སུ་མཛད་པའི་ཕྱིར། བུད་མེད་ལ་བལྟམས་ཤིང་།བཀའ་ཁྲིམས་ཀྱི་འོག་ཏུ་འཁྲུངས་སོ།
ག་ལད་ཡཱ་པ་ 4:4-5།

=================================

December 4, 2023; Monday

བདེ་སེམ་བར་ཚེས་ 4།   གཟའ་ཟླ་བ།

གསུང་མགུར་ 139:1-6།
ཡོ་ཨེལ་ 2:15–3:21།
མངོན་པ་ 6:9-7:17།

ང་ཁྱོད་དང་འགྲོགས་པས། མ་འཇིགས་ཤིག །ང་ཁྱོད་ཀྱི་དཀོན་མཆོག་ལགས་པས། མ་འཚབས་ཤིག །
ཡེ་ཤ་ཡཱ་ 41:10།

མཆོད་ཁང་ན་བྱིས་པ་རྣམས་ཀྱིས་དཱ་བིད་ཀྱི་སྲས་ཧོ་ཤི་ཨ་ནཱ་ཞེས་འབོད་བསྒྲགས་སོ།
མད་ཐཱ་ 21:15།

=================================

December 3, 2023; Sunday

བདེ་སེམ་བར་ཚེས་ 3།   གཟའ་ཉི་མ།

ཡེ་ཤ་ཡཱ་ 64:1-9།
གསུང་མགུར་ 80:1-7,17-19།
1 ཀོ་རིན་ཐུ་པ་ 1:3-9།
མར་ཀུ་ 13:24-27།

།བདུན་ཕྲག་གི་གསུང་།
།དེ་ནས་དེ་ཚོས་མིའི་བུ་དབང་ཆེན་པོ་དང་གཟི་བརྗིད་དང་ལྡན་ཞིང་སྤྲིན་གྱི་ནང་ནས་འབྱོན་པར་མཐོང་ཡོང་།
མར་ཀུ་ 13:26།

།ཡ་ཧོ་ཝཱས་ད་དུང་ཡང་ཙི་ཡོན་གྱི་སེམས་གསོ་བར་འགྱུར།
ཟེ་ཀར་ཡཱ་ 1:17།

ཤིམ་ཨོན་ཡིས་ར་ཨེལ་གྱི་སེམས་གསོ་ལ་སྒུག་པ་དང་དམ་པའི་ཐུགས་ཉིད་དང་ལྡན་པ་ཞིག་ཡོད་དོ།
ལུ་ཀ་ 2:25།

=================================

December 2, 2023; Saturday

བདེ་སེམ་བར་ཚེས་ 2།   གཟའ་སྤེན་པ།

གསུང་མགུར་ 138:6-8།
ཡོ་ཨེལ་ 1:1-2:14།
མངོན་པ་ 5:11-6:8།

བདག་ནི་བསྔལ་བས་ཡ་ཧོ་ཝཱ་སྙིང་རྗེ་མཛོད།
གསུང་མགུར་ 31:9།

ཉེ་གནས་རྣམས་ཉེ་བར་འོངས་ནས་ཡེ་ཤུའི་མནལ་སད་དེ། གཙོ་བོ་ལགས། སྐྱོབས་ཤིག ང ཚོ་འཆིའོ། ཞུས་པ་དང་། 
ཡེ་ཤུས། དད་ཆུང་ཁྱེད། ཅི་ལ་འཇིགས། གསུངས་ནས་བཞེངས་ཏེ། རླུང་དང་མཚོ་ལ་བཀའ་ཀྱོན་པས་དེ་དག་ཡོངས་སུ་ཞི་བར་གྱུར་ཏོ།
མད་ཐཱ་ 8:25-26།

=================================

December 1, 2023; Friday

བདེ་སེམ་བར་ཚེས་ 1།   གཟའ་པ་སང་།

གསུང་མགུར་ 138:1-5།
ཧོ་ཤེ་ཨ་ 13:14།
མངོན་པ་ 4:9-5:10།

ལྟོས། ངས་ཉིད་ཀྱི་མི་སྡེ་རྣམས་བཞུས་ཏེ་སད་པར་བྱའོ།
ཡེ་རེམ་ཡཱ་ 9:7།

མཐའ་མའི་བར་དུ་སྲན་ཚུགས་པ་དེ་ཐར་བར་འགྱུར་རོ།
མར་ཀུ་ 13:13།

=================================

=================================

=================================

=================================

=================================

=================================

=================================

=================================

November 23, 2023; Thursday

ནོ་ཝེམ་བར་ཚེས་ 23།   གཟའ་ ཕུར་པུ།

གསུང་མགུར་ 132།
དཱ་ནི་ཨེལ་ 10:8-11:19།
མངོན་པ་ 1:1-8།

།དཀོན་མཆོག་ཁྱེད་ཀྱིས་ངའི་བླུན་སེམས། 
།མཁྱེན་ཞིང་བདག་གི་སྡིག་པ་རྣམས། 
།ཁྱེད་ལ་གང་ཡང་སྦས་ནས་མེད།
གསུང་མགུར་ 69:5།

།ང་ཚོར་ལན་མང་གནང་བ་ཡི། 
།དཔག་ཏུ་མེད་པའི་ཐུགས་རྗེ་ཡི། 
། ཡེ་ཤུའི་སྐུ་ཁྲག་གི་སྒོ་ནས། 
།ཁོང་རྒྱུད་ངེད་ལ་ཐར་པ་དང་།
།ཉེས་སྐྱོན་རྣམས་ཀྱི་སྡིག་སེལ་ཐོབ།
ཨེ་ཕེ་སུ་པ་ 1:7།

=================================

November 22, 2023; Wednesday

ནོ་ཝེམ་བར་ཚེས་ 22།   གཟའ་ལྷག་པ།

གསུང་མགུར་ 131།
དཱ་ནི་ཨེལ་ 9:1-10:7།
ཡ་ཧུ་དཱ་ 1:11-25།

དཀོན་མཆོག་མདུན་མི་དྲང་པོ་ཅི་ལྟར་འགྱུར། །ངེས་མེད་ཁོང་གིས་མི་དང་འཁྲབ་འདོད་ན། །མིས་སྟོང་ནང་གཅིག་ལའང་ལན་ཞུ་མི་ནུས།
ཡོབ་ 9:2-3།

ད་ལངས་ནས་ཕའི་རྩར་སོང་སྟེ། ཡབ་ལགས། ངས་ནམ་མཁའ་དང་ཁྱེད་ཀྱི་གཟིགས་ངོར་ཉེས་པ་བྱས་ཞེས་ཞུ་བར་བྱའོ།
ལུ་ཀ་ 15:18།
=================================

November 21, 2023; Tuesday

ནོ་ཝེམ་བར་ཚེས་ 21།   གཟའ་མིག་དམར།

གསུང་མགུར་ 130།
དཱ་ནི་ཨེལ་ 7:23-8:27།
ཡ་ཧུ་དཱ་ 1:1-10།

དུས་འདིའི་བར་དུ་ཡ་ཧོ་ཝཱས་བདག་ཅག་ལ་སྐྱབས་མཛད་དོ།
1 ཤ་མུ་ཨེལ་ 7:12།

དེ་རིང་གི་བར་དུ་དཀོན་མཆོག་གིས་སྐྱབས་ཤིང་། ང་གསོན་པོར་འགྲེང་ངོ་ཞེས་པའུ་ལུས་སྨྲས་སོ།
མཛད་པ་ 26:22།

=================================

November 20, 2023; Monday

ནོ་ཝེམ་བར་ཚེས་ 20།   གཟའ ཟླ་བ།

གསུང་མགུར་ 129།
དཱ་ནི་ཨེལ་ 6:19-7:22།
3 ཡོ་ཧ་ནན།

ཀྱེ་ཡ་ཧོ་ཝཱ་མ་འགོར་བར་ཚུར་གདན་ཁོར། །ཁྱེད་ཉིད་ཀྱི་བྲན་རྣམས་ཕྱིར་ཐུགས་འགྱོད་ཤོག །
གསུང་མགུར་ 90:13།

ཡེ་ཤུས། ང་ཡོད་སར་ཁྱེད་ཀྱང་བསླེབས་པའི་ཕྱིར། ང་ལོག་འོང་སྟེ་ཁྱེད་ངའི་རྩར་འཁྲིད་འོང་གསུངས་སོ།
ཡོ་ཧ་ནན་ 14:3།

=================================

November 19, 2023; Sunday

ནོ་ཝེམ་བར་ཚེས་ 19།   གཟའ་ཉི་མ།

ཟེ་ཕན་ཡཱ་ 2:7, 12-18། 
གསུང་མགུར་ 90:1-8, (9-11), 12
1 ཐེ་ས་ལོ་ནི་ཀེ་པ་ 5:1-11།
མད་ཐཱ་ 25:14-30།

བདུན་ཕྲག་གི་གསུང་།
།ཤེས་རབ་ཀྱི་སྙིང་ངེད་ལ་ཐོབ་པའི་ཕྱིར། 
།ངེད་ཅག་ལ་རང་གི་ཞག་རྩི་གྲངས་སློབ།
གསུང་མགུར་ 90:12།

བླ་མའི་ཁ་ལྤགས་ཀྱིས་ཡེ་ཤེས་འཛིན་པའི་རིགས་སོ། དེ་ནི་ཡ་ཧོ་ཝཱའི་ཕོ་ཉ་ཡིན་པས། མི་རྣམས་ཀྱིས་དེའི་ཁ་ནས་བཀའ་རྒྱ་འཚོལ་བའི་རིགསསོ།
མལ་ཨ་ཀི་ 2:7།

ཁྱེད ཚོའི་ནང་ཡོད་པའི་རེ་བ་ཤེས་པར་འདོད་པ་ལ་སེམས་དུལ་བ་དང་གུས་པས་ལན་འདེབས་པར་རྒྱུན་དུ་གྲལ་འགྲིག་གིས་སྡོད་ཅིག །
1 པེ་ཊོ་ 3:15།
=================================

=================================

=================================

=================================

=================================

=================================

=================================

November 13, 2023; Monday

ནོ་ཝེམ་བར་ཚེས་ 13།   གཟའ་ཟླ་བ།

གསུང་མགུར་ 123།
ཨེ་ཟེ་ཀི་ཨེལ་ 48:23-དཱ་ནི་ཨེལ་ 1:21།
1 ཡོ་ཧ་ནན་ 3:1-10།

།མ་ཤི་ཀ་ཆོས་ཚོགས་ཀྱི་དབུ་སྐྱོང་ཡིན་པའི་དུས་ཆེན།

ཨེ་ཟེ་ཀི་ཨེལ་ 34:11-16, 23-24།
གསུང་མགུར་ 8།
ཨིབ་རི་པ་ 4:14-16།
ཡོ་ཧ་ནན་ 10:1-10།

ཡ་ཧོ་ཝཱ་གཙོ་བོས་ངའི་རྣ་བ་ཕྱེ་བར་མཛད་པས། ང་ནི་ངོ་ལོག་མཁན་ཡང་མིན། རྒྱབ་ཏུ་ལོག་མཁན་ཡང་མིན།
ཡེ་ཤ་ཡཱ་ 50:5།

ཡེ་ཤུས། དེ་ཚོས་ངའི་སྐད་ལ་ཉན།
རྫི་གཅིག་ཁྱུ་གཅིག་ཏུ་འགྱུར་བར་འགྱུར་གསུངས་སོ།
ཡོ་ཧ་ནན་ 10:16།

=================================

=================================

=================================

=================================

November 6, 2023; Monday

ནོ་ཝེམ་བར་ཚེས་ 6།   གཟའ་ཟླ་བ།

གསུང་མགུར་ 119:153-160།
ཨེ་ཟེ་ཀི་ཨེལ་ 41:1-42:9།
2 པེ་ཊོ་ 2:11-22།

དཀོན་མཆོག་ཁྱེད་ལམ་གཙང་ཁང་ནང་ན་འདུག །(ཁྱེད་ལམ་དམ་པ་ལགས)
གསུང་མགུར་ 77:13།

ཡེ་ཤུས་ང་ཡབ་ནས་བྱུང་སྟེ། 
འཇིག་རྟེན་དུ་འོངས་གསུངས་སོ།
ཡོ་ཧ་ནན་ 16:28།
=================================

November 5, 2023; Sunday

ནོ་ཝེམ་བར་ཚེས་ 5།   གཟའ་ཉི་མ།

མི་ཀཱ་ 3:5-12།
གསུང་མགུར་ 43།
ཐེ་ས་ལོ་ནི་ཀེ་པ་ 2:9-13།
མད་ཐཱ་ 23:1-12།

།བདུན་ཕྲག་གི་གསུང་།:
   །ཁྱེད་ཀྱི་འོད་དང་བདེན་པ་སྩོལ།
   །དེས་ང་དམ་པའི་རི་བོ་དང་། 
   །ཁྱེད་ཀྱི་བཞུགས་གནས་ལ་སྐྱེལ་ཤོག 
གསུང་མགུར་ 43:3།

དྲང་བ་ཉིད་དང་སྙིང་རྗེའི་རྗེས་སུ་འབྲང་བ་ལ་སྲོག་དང་། དྲང་བ་ཉིད་དང་ཞེ་ས་རྙེད་དོ།
ལེགས་བཤད་ 21:21།

ཐོག་མར་དཀོན་མཆོག་གི་རྒྱལ་སྲིད་དང་དྲང་བ་ཉིད་ཚོལ་ཞིག་དང་། དེ་ཐམས་ཅད་ཞོར་ལ་ཐོབ་པར་འགྱུར་རོ།
མད་ཐཱ་ 6:33།

=================================

November 4, 2023; Saturday

ནོ་ཝེམ་བར་ཚེས་ 4།   གཟའ་སྤེན་པ།

གསུང་མགུར་ 119:145-152།
ཨེ་ཟེ་ཀི་ཨེལ་ 40:17-49།
2 པེ་ཊོ་ 2:1-10།

མས་རང་གི་བུ་ལ་སེམས་གསོ་བ་ལྟར། ངས་ཁྱོད་ཀྱི་སེམས་གསོ་བར་བྱའོ།
ཡེ་ཤ་ཡཱ་ 66:13།

ད་ཁྱེད་ཀྱི་དགའ་སྤྲོ་ཕུལ་དུ་འབྱུང་བའི་ཕྱིར་ཞུས་ཤིག་དང་། ཐོབ་པར་འགྱུར་རོ།
ཡོ་ཧ་ནན་ 26:14།
=================================

November 3, 2023; Friday

ནོཝེམ་བར་ཚེས་ 3།    གཟའ་པ་སང་།

གསུང་མགུར་ 119:137-144།
ཨེ ཟེ ཀི་ཨེལ་ 19:14-40:16།
2 པེ་ཊོ་ 12-21།

ཀྱེ་ཁོང་གི་བཀའ་བཞིན་སྤྱོད་པའི་ཡུལ་ནང་ཡོད་པའི་སེམས་དུལ་པོ་ཐམས་ཅད་ཀྱིས་ཡ་ཧོ་ཝཱ་འཚོལ་ཞིག །དྲང་བ་ཉིད་འཚོལ་ཞིག 
།སེམས་དུལ་བ་འཚོལ་ཞིག །
ཟེ་ཕན་ཡཱ་ 2:3།

དཀོན་མཆོག་གིས་འདམས་པའི་དམ་པ་དང་གཅེས་པའི་ཚུལ་དུ། 
སྙིང་རྗེ་དང་། བཀའ་དྲིན་དང་། དམན་སེམས་དང་། སྙེམས་ཆུང་དང་། བཟོད་པའི་གོ་ཆ་གྱོནཅིག 
ཀོ་ལོ་ས་པ་ 3:12།

=================================

November 2, 2023; Thursday

ནོ་ཝེམ་བར་ཚེས་ 2།   གཟའ་ཕུར་པུ།

གསུང་མགུར་ 119:129-136།
ཨེ་ཟེ་ཀི་ཨེལ་ 38:7-39:13།
2 པེ་ཊོ་ 1:1-11།

ངས་ཉམས་ཐག་པ་ལ་གླེང་མོ་འི་ངང་ནས་ཇི་ལྟར་ར་མདའ་བྱེད་པ་དེ་རྟོགས་སུ། ཡ་ཧོ་ཝཱ་གཙོ་བོས་ང་ལ་མི་ཤེས་རབ་ཅན་གྱི་ལྗགས་ལྕེ་གནང་།
ཡེ་ཤ་ཡཱ་ 50:4།

ཡང་སྙུང་བའམ་བཙོན་དུ་མཐོང་སྟེ་ནམ་མཇལ་དུ་འོངས་ཞུ་བར་འགྱུར།
མད་ཐཱ་ 25:39།

=================================

November 1, 2023; Wednesday

ནོ་ཝེམ་བར་ཚེས་ 1།   གཟའ་ལྷག་པ།

གསུང་མགུར་ 119:121-128།
ཨེ་ཟེ་ཀི་ཨལ་ 37:1-38:6།
1 པེ་ཊོ་ 5།

མི་དམ་པ་རྣམས་ཀྱི་དྲན་ཞག་གི་གསུང་། 
ཐར་པ་ནི་རྒྱལ་ཁྲིར་བཞུགས་པའི་ང་ཚོའི་དཀོན་མཆོག་དང་ལུག་གུ་ནས་བྱུང་ངོ་།
མངོན་པ་ 7:10།

མངོན་པ་ 7:9-17།
གསུང་མགུར་ 14:1-10,22།
1 ཡོ་ཧ་ནན་ 3:1-3།
མད་ཐཱ་ 5:1-12།

སྔོན་འདས་པའི་ཞག་རྣམས་དྲན་པར་བྱོས། སྔོན་རབས་མང་པོ་དེ་ལ་བསམ་བློ་ཐོང་། ཕ་ལ་དྲིས་ཤིག་དེས་ནི་ཁྱོད་ལ་བཤད་པར་བྱ། ཁྱོད་ཀྱི་རྒད་པོ་རྣམས་ལ་དྲིས་ཤིག་དེས་ཀྱང་ཁྱོད་ལ་ཟེར་བར་འགྱུར།
བཀའ་ལུང་ 32:7།

དང་པོར་ཁྱོད་ཀྱི་ཨ་ཕྱི་ལོ་ཨིས་དང་མ་ཨིའུ་ནི་ཀེའི་ནང་ཡོད་པའི་དད་པ་ ཁྱོད་ཀྱི་ནང་ནའང་ཡོད་པར་ཡིད་ཆེས་ཏེ། ཁྱོད་ཀྱི་བཅོས་མ་མིན་པའི་དད་པ་དེ་དྲན་ནོ།
2 ཏི་མོ་ཐིའུ་ 1:5།
=================================

October 31, 2023; Tuesday

ཨོག་ཊོ་བར་ཚེས་ 31།   གཟའ་མིག་དམར།

གསུང་མགུར་ 119:113-120།
ཨེ ་ཟེ་ཀི་ཨེལ་ 36:8-38།
1 པེ་ཊོ་ 4།

།ངེད་ཐམས་ཅད་མི་གཙང་བའི་རྫས་དང་། ངེད་ཅག་གི་དྲང་བ་ཉིད་ཐམས་ཅད་ནི་གྲིབ་ཅན་གྱི་གོས་ཧྲུལ་དང་འདྲའོ།
ཡེ་ཤ་ཡཱ་ 64:6།

།བུས་ཡབ་ལགས། ངས་ནམ་མཁའ་དང་ཁྱེད་ཀྱི་སྤྱན་སྔར་ཉེས་པ་བྱས་པས། ད་ཁྱེད་ཀྱི་བུ་ཟེར་བའི་འོས་མ་ཡིན་ཞུས་སོ། །འོན་ཕས་གཡོག་པོ་རྣམས་ལ། གོས་ལེག་ཤོས་དེ་ཁྲལ་དུ་འཁྱེར་ནས་ཁོ་ལ་སྐོན་ཅིག་གསུངས་སོ།
ལུ་ཀ་ 15:21-22།
=================================

October 30, 2023; Monday

ཨོག་ཊོ་བར་ཚེས་ 30།   གཟའ་ཟླ་བ།

གསུང་མགུར་ 119:105-112།
ཨེ་ཟེ་ཀི་ཨེལ་ 34:20-36:7།
1 པེ་ཊོ་ 3:8-22།

ཡང་དྲང་བ་ཉིད་ཀྱི་ལས་ནི་ཞི་བདེ་དང་། དྲ་བ་ཉིད་ཀྱི་འབྲས་བུ་ནི་དུས་གཏན་གྱི་ཕྱིར་ཞི་བདེ་དང་གདེང་ཚད་དུ་འགྱུར་བར་འགྱུར།
ཡེ་ཤ་ཡཱ་ 32:17།

ཡེ་ཤུ་མ་ཤི་ཀ་དྲང་པོ་ལགས་པ་ཁྱེད་ཚོས་རྟོགས་ན། དྲང་པོ་བྱེད་པ་ཐམས་ཅད་ཁོང་ལས་ཆད་པ་ཡིན་པར་ངེས་སོ།
1 ཡོ་ཧ་ནན་ 2:29།
=================================

October 29, 2023; Sunday

ཨོག་ཊོ་བར་ཚེས་ 29།   གཟའ་ཉི་མ།

ལེ་ཝི་ 19:1-2,15-18།
གསུང་མགུར་ 1།
1 ཐེ་ས་ལོ་ནི་ཀེ་པ་  2:1-8།
མད་ཐཱ་ 22:34-46།

བདུན་ཕྲག་གི་གསུང་།:
ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་དམ་པ་ཡིན་པ་ལྟར་ཁྱེད་ཀྱང་དམ་པ་ཡིན་པར་དགོས།
ལེ་ཝི་ 19:2།

ཡང་ཁྱོད་ཀྱིས་རྫུན་ལབ་སྟེ། ང་མ་དྲན་པར་སྣང་རྟགས་ཀྱང་མ་བཏང་བས། ཁྱོད་གང་ལ་སྐྲག་ཅིང་འཇིགས་པ་ཡིན་ཞེས་ཡ་ཧོ་ཝཱས་གསུང་ངོ་།
ཡེ་ཤ་ཡཱ་ 57:11།

སླར་ཡང་འཇིགས་པའི་ཚེ་གཡོག་གི་སེམས་ཤིག་ཁྱེད་ཚོར་མ་ཐོབ་ཀྱིས། ཨབ་བཱ། ཡབ་ཞུ་བའི་སྲས་སུ་གྱུར་བའི་ཐུགས་ཉིད་ཐོབ་པ་ཡིན།
རོ་མ་པ་ 8:15།
=================================

October 28, 2023; Saturday

ཨོག་ཊོ་བར་ཚེས་ 28།   གཟའ་སྤེན་པ།

=================================

October 27, 2023; Friday

ཨོག་ཊོ་བར་ཚེས་ 27།   གཟའ་པ་སང་།

གསུང་མགུར་ 119:89-96།
ཨེ་ཟེ་ཀི་ཨེལ་ 32:17-33:20།
1 པེ་ཊོ་ 2:13-25།

།ཡ་ཧོ་ཝཱ་ང་ཡི་དང་ཐར་ལམ་ཡིན།
།བདག་ནི་སུ་ལ་ནི་འཇིགས་འགྱུར་རམ།
གསུང་མགུར་ 27:1།

ང་ལ་སྟོབས་གནང་མཁན་གྱི་མཐུས་ཐམས་ཅད་ནུས་སོ།
ཕི་ལིབ་པི་པ་ 4:13།
=================================

October 26, 2023; Thursday

ཨོག་ཊོ་བར་ཚེས་ 26།   གཟའ་ཕུར་པུ།

གསུང་མགུར་ 119:81-88།
ཨེ་ཟེ་ཀི་ཨེལ་ 31:1-32:16།
1 པེ་ཊོ་ 2:1-12།

།སྔ་དྲོ་རེ་བཞིན་ངའི་གཉིད་གསད་པར་མཛད། །ཤེས་རབ་ཅན་ལྟར་ཉན་དུ་ངའི་རྣ་བ་གཅང་པོར་མཛད་དོ།
ཡེ་ཤ་ཡཱ་ 50:4།

ཐི་ཨ་ཏིར་མ་ལིད་ཡ་བྱ་བ་འགོ་སྣམ་ཚོང་མཁན་དཀོན་མཆོག་ལ་སྙེན་བཀུར་བྱེད་པ་ཞིག་གིས་ང་ཚོའི་གཏམ་ཉན་ཏོ།
མཛད་པ་ 16:14།

=================================

October 25, 2023; Wednesday

ཨོག་ཊོ་བར་ཚེས་ 25།   གཟའ་ལྷག་པ།

གསུང་མགུར་ 119:73-80།
ཨེ་ཟེ་ཀི་ཨེལ་ 29:13-30:26།
1 པེ་ཊོ་ 1:13-25།

།ས་མཐའ་ཀུན་གྱིས་དྲན་ཞིང་ཡ་ཧོ་ཝཱའི་དྲུང་ལོག་འོང་བར་འགྱུར།
གསུང་མགུར་ 22:27།

ཡེ་ཤུས་དཔེ་གཞན་ཞིག་སྟོན་ཞིང་། ནམ་མཁའི་རྒྱལ་སྲིད་ནི། 
སྐྱུར་རྩི་དང་འདྲ་སྟེ། བུད་མེད་ཅིག་གིས་འབོ་གསུམ་གྱི་བག་ཕྱེའི་ནང་བཅུག་པས། ཐམས་ཅད་ལ་སྐྱུར་ལང་ངོ་གསུངས་སོ།
མད་ཐཱ་ 13:33།

=================================

October 24, 2023; Tuesday

ཨོག་ཊོ་བར་ཚེས་ 24།   གཟའ་མིག་དམར།

གསུང་མགུར་ 119:65-72།
ཨེ་ཟེ་ཀི་ཨེལ་ 28:11-29:12།
1 པེ་ཊོ་ 1:1-12།

།ཀྱེ་ཡ་ཧོ་ཝཱ་ངའི་དཀོན་མཆོག་ངེད་ཀྱི་ཕྱིར། །མཚད་པའི་ངོ་མཚར་ཕྲིན་ལས་དང་ཐུགས་སྐྱེད། །མང་བས་རིམ་བཞིན་ཁྱེད་དྲུང་སྒྲིབ་མི་ཐུབ། 
གསུང་མགུར་ 40:5།

།ཤེས་རབ་དང་རིག་པའི་གཏེར་ཐམས་ཅད་མ་ཤི་ཀའི་ནང་སྦས་ཡོད་དོ།
ཀོ་ལོ་ས་པ་ 2:3།
=================================

October 23, 2023; Monday

ཨོག་ཊོ་བར་ཚེས་ ༢༣།   གཟའ་ཟླ་བ།

གསུང་མགུར་ 119:57-64།
ཨེ་ཀི་ཨེལ་ 27:12-28:10།
ཡ་ཀོབ་ 5:13-20།

ཁོང་དཀོན་མཆོག་གསོན་པོ་རྒྱུན་བརྟན། ཁོང་གི་དབང་སྲིད་མི་འཇིག་ཅིང་། རྒྱལ་སྲིད་མཐའ་མའི་བར་དུ་གནས།
དཱ་ནི་ཨེལ་ 6:16།

།གནམ་དང་ས་ལ་གནས་པ་ཀུན། 
།མ་ཤི་ཀ་འོག་ཏུ་བསྡུ་བའི་གྲལ། 
།ང་ཚོ་མ་ཤི་ཀར་རེ་རྣམས།
།ཁོང་གི་དཔལ་ལ་བསྟོད་ཕྱིར་བསྐོས།
ཨེ་ཕེ་སུ་པ་ 1:12།
=================================

October 22, 2023; Sunday

ཨོག་ཊོ་བར་ཚེས་ 22།   གཟའ་ཉི་མ།

ཡེ་ཤ་ཡཱ་ 45:1-7།
གསུང་མགུར་ 96:1-9། (10-13)
ཐེ་ས་ལོ་ནི་ཀེ་པ་ 1:1-10།
མད་ཐཱ་ 22:15-22།

བདུན་ཕྲག་གི་གསུང་།:
  །ཡ་ཧོ་ཝཱར་དབྱངས་ཕུལ་ཁོང་མཚན་བཀྲ་ཤིས་ཟེར། 
  །གཞག་རེ་བཞིན་དུ་ཁོང་གི་ཐར་ལམ་ཤོད།
གསུང་མགུར་ 96:2།

ཁྱོད་ཀྱི་སྙིང་ནང་ན་སྤུན་ལ་དགྲར་སྡང་བར་མི་རུང་གི །ཁྱིམ་མཚེས་པའི་ཕྱིར་ཁྱོད་ལ་ཉེས་པ་མི་ཕོག་པའི་ཕྱིར་དེ་ལ་བསླབ་བྱ་བྱེད་པར་དགོས་སོ།
ལེ་ཝི་ 19:17།

སྤུན་རྣམས། མི་ཞིག་གིས་ཉེས་པ་བྱེད་ན། ཐུགས་ཉིད་དང་ལྡན་པ་ཁྱེད་ཀྱིས་འཇམ་པོའི་ངང་ནས་མི་དེ་ལམ་དྲང་པོར་ཁྲིད་ཅིག  །
ག་ལད་ཡཱ་པ་ 6:1།

=================================

October 21, 2023; Saturday

ཨོག་ཊོ་བར་ཚེས་ 21།   གཟའ་སྤེན་པ།

གསུང་མགུར་ 119:49-59།
ཨེ་ཟེ་ཀི་ཨེལ་ 25:15-27:11།
ཡ་ཀོབ་ 5:1-12།

ཡ་ཧོ་ཝཱ་ལ་བློ་གཏོད་པའི་མི་ནི་བདེའོ། དེ་ནི་ཆུ་འགྲམ་དུ་བཙུགས་ནས། ཆུ་ཀླུང་ནང་དུ་རྩ་བ་རྐྱོང་བའི་ལྗོན་ཤིང་ལྟར་འགྱུར་ཞིང་། 
ཚད་པ་འོང་ཡང་སྣང་རྟགས་མེད་པར།  དེའི་ལོ་མ་སྔོན་པོར་ལུས། 
ཆུ་དཀོན་གྱི་ལོ་ལའང་མི་འཚབས། འབྲས་བུ་སྐྱེད་འཕྲོའང་མི་གཅོད་དོ།
ཡེ་རེམ་ཡཱ་ 17:7-8།

ཐུགས་ཉིད་ཀྱི་འབྲས་བུ་ནི། བྱམས་པ་དང་། དགའ་སྤྲོ་དང་། ཞི་བདེ་དང་། ཐེག་པ་དང་། སྙིང་རྗེ་དང་། བཟང་པོ་དང་། ཕྱི་ཐག་རིང་བ་ཡིན་ནོ།
ག་ལད་ཡཱ་པ་ 5:22-23།

=================================

October 20, 2023; Friday

ཨོག་ཊོ་བར་ཚེས་ 20།   གཟའ་པ་སང་།

གསུང་མགུར་ 119:40-48།
ཨེ་ཟེ་ཀི་ཨེལ་ 24:9-25:14།
ཡ་ཀོབ་ 4:7-17།

།གྲོགས་པོ་གྲོགས་པོ་གླེང་བ་ལྟར། ཡ་ཧོ་ཝཱས་མོ་ཤེ་ལ་ཞལ་འཛོམ་དུ་གསུང་གླེང་མཛད་དོ།
འཐེགས་པ་༣༣:༡༡།

།ཡེ་ཤུས། དཔོན་པོས་ཅི་བྱེད་པ་གཡོག་པོས་མི་ཤེས་པས། ད་ངས་ཁྱེད་ལ་གཡོག་པོ་མི་ཟེརཞིང་། 
ཡབ་ལས་ཐོས་པ་ཐམས་ཅད་ཁྱེད་ལ་བཤད་པས། ངས་ཁྱེད་ལ་མཛའ་བོ་ཟེར་རོ་གསུངས་སོ།
ཡོ་ཧ་ནན་ ༡༥:༡༥

=================================

October 19, 2023; Thursday

ཨོག་ཊོ་བར་ཚེས་ 19།   གཟའ་ཕུར་པུ།

གསུང་མགུར་ 119:33-40།
ཨེ་ཟེ་ཀི་ཨེལ་ 23:28-24:8།
ཡ་ཀོབ་ 3:13-4:6།

ད་ལྟ་ཡ་ཧོ་ཝས་འདི་སྐད་གསུང་། 
ང་ལ་བཀུར་སྟི་བྱེད་པའི་མི་ལ་ངས་ཀྱང་བཀུར་སྟི་བྱ། ང་ལ་སྨད་པའི་མི་ལ་ངས་ཀྱང་སྨད་པར་བྱ།
1 ཤ་མུ་ཨེལ་ 2:30།

དཀོན་མཆོག་གི་ཐུགས་རྗེས་ཁྱོད་འགྱོད་ཚངས་ཀྱི་ཕྱོགས་སུ་འཁྲིད་པ་དེ་མི་ཤེས་པར། ཁོང་གི་ཐུགས་རྗེ་དང་། ཐུགས་བཟོད་དང་། 
ཐུགས་སྣ་རིང་བའི་ལོངས་སྤྱོད་ལ་བརྙས་སམ།
རོ་མ་པ་ 2:4།

=================================

October 18, 2023; Wednesday

།ཨོག་ཊོ་བར་ཚེས་ 18།   གཟའ་ལྷག་པ།

གསུང་མགུར་ 119:25-32།
ཨེ་ཟེ་ཀི་ཨེལ་ 22:23-23:27།
ཡ་ཀོབ་ 3:1-12།

།ཡ་ཧོ་ཝཱས་འུ་ཐུག་པའི་ཁྲིམས་དང་དབུལ་པོའི། །ཐོབ་ཐང་ཕྱིར་དཔུང་གྲོགས་མཛད་པ་ངས་ཤེས།
གསུང་མགུར་ 140:12།

།ཁྱེད་དབུལ་པོ་རྣམས་བདེའོ། 
དཀོན་མཆོག་གི་རྒྱལ་སྲིད་ཁྱེད་ཀྱི་ཡིན་ནོ།
ལུ་ཀ་ 6:20།
=================================

October 17, 2023; Tuesday

ཨོག་ཊོ་བར་ཚེས་ 17།   གཟའ་མིག་དམར།

གསུང་མགུར་ 119:17-24།
ཨེ་ཟེ་ཀི་ཨེལ་ 21:18-22:22།
ཡ་ཀོབ་ 2:14-26།

ཁྱེད་ལམ་ཀུན་ནང་སྲུང་ཕྱིར་ཁོང་ཉིད་ཀྱི། །ཕོ་ཉ་རྣམས་ལ་བཀའ་སྩལ་མཛད་འོང་བས། །རྡོ་ལ་ཁྱེད་ཀྱི་ཞབས་མི་ཕོག་ཕྱིར། །དེ་ཚོའི་ལག་པར་ཁྱེད་འཁུར་བར་འགྱུར།
གསུང་མགུར་ 91:11-12།

ཡོ་སེབ་ལ་རྨི་ལམ་ནང་གཙོ་བོའི་ཕོ་ཉ་བྱུང་ནས་དེ་ལ། ཧེ་རོ་དཱེས་ཁྱེའུ་ཆུང་འདི་གསོད་པའི་ཕྱིར་འཚོལ་གྲབས་འདུག་པས། ལོངས་ལ་ཁྱེའུ་ཆུང་དང་དེའི་ཡུམ་འཁྲིད་དེ་མི་སེར་ཡུལ་དུ་བྲོས་ཏེ། ངས་མ་སྨྲ་བའི་བར་དུ་དེ་རུ་སྡོད་ཅིག་གསུངས།
མད་ཐཱ་ 2:13།

=================================

October 16, 2023; Monday

ཨོག་ཊོ་བར་ཚེས་ 16།   གཟའ་ཟླ་བ།

གསུང་མགུར་ 119:9-16།
ཨེ་ཟེ་ཀི ཨེལ་ 20:20།
ཡ་ཀོབ་ 2:1-13།

ངེད་ཀྱི་སྡིག་པར་གཤའ་བཞིན་མཛད་མ་བྱུང་། །ལས་ངན་རྣམས་ལ་འོས་པའི་ལན་མ་གནང་།
གསུང་མགུར་ 103:10།

དཀོན་མཆོག་གིས་མ་ཤི་ཀའི་སྒོ་ནས་ཁྱེད་ཚོའི་སྡིག་པ་བསལ་བ་ལྟར། ཁྱེད་ཚོས་ཀྱང་ཕན་ཚུན་བྱམས་ཤིང་བཟོད་པར་གྱིས་ཤིག 
ཨེ་ཕེ་སུ་པ་ 4:32།
=================================

October 15, 2023; Sunday

ཨོག་ཊོ་བར་ཚེས་ 15།   གཟའ་ཉི་མ།

ཡེ་ཤ་ཡཱ་ 25:1-9།
གསུང་མགུར་ 23།
ཕི་ལིབ་པི་པ་ 4:1-9།
མད་ཐཱ་ 22:1-14།

།བདུན་ཕྲག་གི་གསུང་།
།ཀྱེ་ཡ་ཧོ་ཝཱ། ཁྱེད་ངའི་དཀོན་མཆོག་ལགས། ངས་ཁྱེད་ལ་གཟེངས་བསྟོད་ཅིང་། ཁྱེད་ཀྱི་མཚན་ལ་བསྔགས་པར་བྱའོ། གང་ལ་ཞེ་ན། ཁྱེད་ཀྱིས་ངོ་མཚར་ཆེ་བའི་བྱ་བ་རྣམས་མཛད་དོ།
ཡེ་ཤ་ཡཱ་ 25:1།

ཆོས་དྲང་པོས་དབུལ་པོའི་རྒྱུ་རྐྱེན་གྱི་ཕྱིར་བསམ་མནོ་གཏོང་།
ལེགས་བཤད་ 29:7།

མགྲོན་གཏོང་བའི་ཚེ། དབུལ་པོ་དང་། ཞ་རིལ་དང་། ཞ་བོ་དང་། 
ལོང་བ་བོས་ཤིག །དེ་རྣམས་ལ་མགྲོན་ལན་འཇལ་རྒྱུ་མེད་པས་ཁྱོད་བདེའོ།
ལུ་ཀ་ 13:13-14།
=================================

October 14, 2023; Saturday

ཨོག་ཊོ་བར་ཚེས་ 14།   གཟའ་སྤེན་པ།

གསུང་མགུར་ 119:1-8།
ཨེ་ཟེ་ཀི་ཨེལ་ 20:1-29།
ཡ་ཀོབ་ 1:19-27།

ད་གཏའ་མ་འཇོག་ངའི་ཁག་མིར་སྡོད་ཅིག །ངའི་ལག་པ་ལག་པར་གཏོང་མཁན་སུ་ཡོད།
ཡོབ་ 17:3།

མ་ཤི་ཀ་ཡེ་ཤུ་གྲོངས་པ་མ་ཟད་གཤིན་པོའི་ཁྲོད་ལས་གསོན་པོར་བཞེངས་ནས། དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་ཤིང་། ང་ཚོའི་ཕྱིར་དུ་ཞུ་སྣ་མཛད་པས། ང་ཚོར་སུས་ཆད་པ་གཅོད།
རོ་མ་པ་ 8:34།

=================================

October 13, 2023; Friday

ཨོག་ཏོ་བར་ཚེས་ 13།   གཟའ་པ་སང་།

གསུང་མགུར་ 118:22-29།
ཨེ་ཟེ་ཀི་ཨེལ་ 18:19-19:14།
ཡ་ཀོབ་ 1:9-15།

ས་ལ་གནས་པ་ཐམས་ཅད་ཅང་མིན་ལྟར་དུ་རྩི། ཁོང་གིས་ཇི་ལྟར་དགྱེས་པ་དེ་བཞིན་དུ་གནམ་གྱི་དམག་དཔུང་རྣམས་དང་། ས་ལ་གནས་པ་རྣམས་ཀྱི་ནང་ན་འཕྲིན་ལས་མཛད། ཁོང་གི་ཕྱག་འགེགས་ཐུབ་པ་དང་། ཁོང་ལ། ཁྱེད་ཅི་མཛད་ཅེས་ཞུ་ཐུབ་པ་སུའང་མེད།
དཱ་ནི་ཨེལ་ 4:35།

དཀོན་མཆོག་གི་ཕྱག་མཐུ་ལྡན་གྱི་འོག་ཏུ་དམན་ས་བཟུང་ཞིེག་དང་། དུས་རན་པའི་ཚེ་ཁོང་གིས་ཁྱེད་ཚོ་ཡར་འདེགས་པར་འགྱུར།
1 པེ་ཊོ་ 5:6།

=================================

October 12, 2023; Thursday

ཨོག་ཊོ་བར་ཚེས་ 12།   གཟའ་ཕུར་པུ།

གསུང་མགུར་ 118:15-21།
ཨེ་ཟེ་ཀི་ཨེལ་ 17:11-18:18།
ཨིབ་རི་པ་ 13:20 -- ཡ་ཀོབ་ 1:8།

།ཀྱེ་ངའི་དཀོན་མཆོག་ཡ་ཧོ་ཝཱ་སྐྱབས་མཛོད་ཅིག
།ཁྱེད་ཀྱི་བྱམས་ཐུགས་བཞིན་དུ་ང་སྐྱོབ་མཛོད།
གསུང་མགུར་  119:26།

པེ་ཊོས་རླུང་པོ་མཐོང་སྟེ་འཇིགས་ནས་ནུབ་འགྲོ་བའི་ཚེ། སྐད་ཆེན་པོས། གཙོ་བོ་ལགས། ང་སྐྱོབ་ཤིག་ཞུས། ཡེ་ཤུས་ཕྱག་བརྐྱངས་ཏེ་ཁོ་བཟུང་ནས། དད་ཆུང་ཁྱོད། ཐེ་ཚོམ་ཅི་ལ་བྱས་གསུངས་སོ།
མད་ཐཱ་ 14:30-31།

=================================

October 11, 2023; Wednesday

ཨོག་ཏོ་བར་ཚེས་ 11།   གཟའ་ལྷག་པ།

གསུང་མགུར་ 118:10-14།
ཨེ་ཟེ་ཀི་ཨེལ་ 16:43-17:10།
ཨིབ་རི་པ་ 13:7-19།

ཀྱེ་ཡ་ཧོ་ཝཱ། ཁྱེད་འཕོངས་པ་དག་ལ་རྫོང་དང་། དབུལ་འཕོངས་ལ་དཀའ་བའི་དུས་སུ་རྫོང་དང། རླུང་དྲག་གི་ནང་ན་སྐྱབས་གནས་དང་། ཚད་པའི་ནང་དུ་གྲིབ་བསིལ་དུ་གྱུར་པའི་ཕྱིར་རོ།
ཡེ་ཤ་ཡཱ་ 25:4།

ང་ཚོའི་མི་རྟག་པའི་ལུས་ཀྱི་ནང་ནའང་ཡེ་ཤུའི་གསོན་པ་ཉིད་མངོན་པའི་ཕྱིར་དུ། ང་ཚོ་གསོན་པོར་ཡོད་རིང་ཡེ་ཤུའི་དོན་དུ་འཆི་བའི་ལག་ཏུ་གཏད་པ་ཡིན་ནོ།
2 ཀོ་རིན་ཐུ་པ་ 4:11།

=================================

October 10, 2023; Tuesday

ཨོག་ཊོ་བར་ཚེས་ 10།   གཟའ་མིག་དམར།

གསུང་མགུར་ 118།
ཨེ་ཟེ་ཀི་ཨེལ་ 16:1-42།
ཨིབ་རི་པ་ 12:25-13:6།

ཡང་ངས་ཁྱོད་ཅག་གི་དཀྱིལ་ན་སྡུག་གིས་གདུངས་པའི་མི་བརྒྱུད་དབུལ་པོ་ཞིག་འཇོག་པར་བྱ། དེ་དག་གིས་ཡ་ཧོ་ཝཱའི་མཚན་ལ་བློ་གཏོད་པར་འགྱུར།
ཟེ་ཕན་ཡཱ་ 3:12།

ལུས་ཅན་གང་གིས་ཀྱང་དཀོན་མཆོག་གི་དྲུང་དུ་མི་རློམ་ཕྱིར།
དཀོན་མཆོག་གིས་འཇིག་རྟེན་གྱི་དམན་པ་དང་རྩིས་མེད་འདམས།
ཡོད་མཁན་སྟོངས་ཕྱིར་མེད་མཁན་འདམས་པར་མཛད་དོ།
1 ཀོ་རིན་ཐུ་པ་ 1:28-29།

=================================

October 9, 2023; Monday

ཨོག་ཊོ་བར་ཚེས་ 9།   གཟའ་ཟླ་བ།

གསུང་མགུར་ 117།
ཨེ་ཟེ་ཀི་ཨེལ་ 14:12-15:8།
ཨིབ་རི་པ་ 12:14-24།

ངན་པའི་བང་མཛོད་རྣམས་ཀྱིས་ཕན་ཅིའང་མི་འདོགས་ཀྱིས། དྲང་བ་ཉིད་ཀྱིས་འཆི་བ་ལས་སྐྱོབ།
ལེགས་བཤད་ 10:2།

ཟག་ཀ་ལངས་ནས་ཡེ་ཤུ་ལ། གཙོ་བོ་ལགས། གཟིགསཤིག །ངའི་ནོར་གྱི་ཕྱེད་ཀ་དབུལ་པོ་ལ་གཏོང་བ་མ་ཟད། ངས་མགོ་བསྐོར་ནས་ཇི་ཞིག་ལེན་ཡོད་ན། བཞི་ལྡབ་གཞལ་ལོ་ཞུས་སོ།
ལུ་ཀ་ 19:8།

=================================

October 8, 2023; Sunday

ཨོག་ཊོ་བར་ཚེས་ 8།   གཟའ་ཉི་མ།

ཡེ་ཤ་ཡཱ་ 5:1-7།
གསུང་མགུར་ 80:7-15།
ཕི་ལིབ་པི་པ་ 3:4-14།
མད་ཐཱ་ 21:33-46།

བདུན་ཕྲག་གི་གསུང་།
།རྩིག་པོས་དབྱུགས་པའི་རྡོ་དེ་ཟུར་རྡོར་གྱུར། 
།འདི་ནི་ཡ་ཧོ་ཝཱ་ཡི་མཛད་པ་ཡིན། 
།ངེད་ཀྱི་མཐོང་སྣང་དེ་ནི་ངོ་མཚར་ཆེ།
གསུང་མགུར་ 118:22-23།

།སྐྱིད་པའི་གནས་རྣམས་ལ་ནི་ངའི་ཕྱིར་ཐིག་སྐུད་ཕོག 
།འོ་ན་བདག་ལ་བགོ་སྐལ་ལེགས་པོ་ཞིག་ཐོབ་བྱུང་།
གསུང་མགུར་ 16:6།

ཁྱེད་ཚོ་རྒྱུན་དུ་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་། ལས་བཟང་པོ་ཀུན་གྱི་ཕྱིར་མང་དུ་གཏོང་བར།
དཀོན་མཆོག་གིས་ཁྱེད་ཚོའི་ལོངས་སྤྱོད་རྒྱས་པར་མཛད་ནུས་སོ།
2 ཀོ་རིན་ཐུ་པ་ 9:8།

=================================

October 7, 2023; Saturday

ཨོག་ཏོ་བར་ཚེས་ 7།   གཟའ་སྤེན་པ།

གསུང་མགུར་ 116:15-19།
ཨེ་ཟེ་ཀི་ཨེལ་ 13:1-14:11།
ཨིབ་རི་པ་ 12:1-13།

ཨེ་ལི་ཡཱས། བདག་ལ་གསན་དུ་གསོལ། ཀྱེ་ཡ་ཧོ་ཝཱ། མི་བརྒྱུད་འདི་དག་གིས་ཁྱེད་ཡ་ཧོ་ཝཱ་དཀོན་མཆོག་ལགས་པ་དང་། ཁྱེད་ཀྱིས་དེ་དག་གི་སྙིང་ ཡང་སྐྱར་བསྒྱུར་བ་ནི་ཁོང་དུ་ཆུད་པའི་ཕྱིར། བདག་ལ་གསན་པར་མཛོད་ཞུས་སོ།
1 རྒྱལ་རབས་ 18:37།

ཡེ་ཤུས་པེ་ཊོ་ལ། ཁྱོད་ཀྱི་དད་པ་མི་ཡལ་ཕྱིར་ངས་གསོལ་བ་བཏབ་པ་ཡིན། ཁྱོད་སེམས་བསྒྱུར་བ་དང་། སྤུན་རྣམས་བརྟན་པོ་བྱོས་ཤིག་གསུངས་སོ།
ལུ་ཀ་ 22:32།

=================================

October 6, 2023; Friday

ཨོག་ཊོ་བར་ཚེས་ 6།   གཟའ་པ་སང་།

གསུང་མགུར་ 116:8-14།
ཨེ་ཟེ་ཀི་ཨེལ་ 11:16-12:28།
ཨིབ་རི་པ་ 11:29-40།

ཁྱོད་ཅག་ངའི་སྒྲ་ལ་ཉོན་ཞིག་དང་། ང་ནི་ཁྱོད་ཅག་གི་དཀོན་མཆོག་དང་། ཁྱོད་ཅག་ངའི་མི་སྡེ་ཡིན་པར་འགྱུར།
ཡེ་རེམ་ཡཱ་ 7:23།

ཡེ་ཤུས། ཁྱེད་ངའི་བཀའ་ལ་གནས་ན་ངའི་ཉེ་གནས་བདེན་པ་ཡིན་གསུངས་སོ།
ཡོ་ཧ་ནན་ 8:31།

=================================

October 5, 2023; Thursday

ཨོག་ཊོ་བར་ཚེས་ 5།   གཟའ་ཕུར་པུ།

གསུང་མགུར་ 116:1-7།
ཨེ་ཟེ་ཀི་ཨེལ་ 10:1-11:15།
ཨིབ་རི་པ་ 11:17-28།

ཡ་ཧོ་ཝཱས་ཡིས་ར་ཨེལ་གྱི་ཁྱིམ་ལ་མཛད་པའི་གསུང་བཟང་པོ་ཀུན་གྱི་ནང་ནས་གཅིག་ཀྱང་མ་ཆག་པར་ཐམས་ཅད་བསྒྲུབས་སོ།།
ཡོ་ཤུ་ཨ་ 21:45།

མི་ཚོགས་ཀྱིས་ཡེ་ཤུའི་ཕྲིན་ལས་དཔལ་དང་ལྡན་པར་ཡི་རངས་སོ།
 ལུ་ཀ་ 13:17།

=================================

October 4, 2023; Wednesday

ཨོག་ཊོ་བར་ཚེས་ 4།   གཟའ་ལྷག་པ།

གསུང་མགུར་ 115:9-18།
ཨེ་ཟེ་ཀི་ཨེལ་ 8, 9།
ཨིབ་རི་པ་ 11:4-16།

ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་གང་ཡུལ་བཟང་པོ་རུ་འཁྲིད་པར་འགྱུར་བའི་གནས་ཚུལ་འདི་ལྟར་རོ། ཡུལ་དེ་ན་གྲོག་པོ་དང་ལུང་པ་དང་རི་རྣམས་ལས་མཐོན་པོའི་ཆུ་མིག་དང་གཙང་པོ་རྣམས་ཡོད།
བཀའ་ལུང་ 8:7།

དཀོན་མཆོག་གིས་བཀའ་དྲིན་མཛད་ཅིང་གནམ་ལས་ཆར་པ་དང་ལོ་ལེགས་པ་གནང་སྟེ། ཁ་ཟས་དང་དགའ་སྤྲོས་ཁྱེད་ཀྱི་སྙིང་ཁེངས་པར་མཛད་པའི་ངང་ནས་ཉིད་མངོན་པར་མཛད་དོ།
མཛད་པ་ 14:17།

=================================

October 3, 2023; Tuesday

ཨོག་ཊོ་བར་ཚེས་ 3།   གཟའ་མིག་དམར།

གསུང་མགུར་ 115:1-8།
ཨེ་ཟེ་ཀི་ཨེལ་ 6:8-7:27།
ཨིབ་རི་པ་ 10:32-11:3།

དཀོན་མཆོག་ཁྱེད་ལ་སྐྱབས་སུ་མཆི་བས་ང་སྐྱོབས་ཤིག །
གསུང་མགུར་ 16:1།

ཉམས་སད་ནང་དུ་འཁྲིད་མ་མཛད།
མད་ཐཱ་ 6:13།

=================================

October 2, 2023; Monday

ཨོག་ཊོ་བར་ཚེས་ 2།   གཟའ་ཟླ་བ།

གསུང་མགུར་ 114།
ཨེ་ཟེ་ཀི་ཨེལ་ 4:6-6:7།
ཨིབ་རི་པ་ 10:19-31།

ཡ་ཧོ་ཝཱས་ཉིད་ཀྱི་བྲན་དག་གི་ཤུ་བ་བསྡམས་ཏེ། གྲིས་བཅད་པའི་རྨ་གསོ་བའི་ཉིན་མོར་ཟླ་འོད་ནི་ཉི་མའི་འོད་ལྟ་བུ་དང་། ཉི་མའི་འོད་ནི་བདུན་ལྡབ་བམ། ཉིན་མོ་བདུན་གྱི་འོད་དང་འདྲ་བར་ཡོད་པར་འགྱུར།
ཡེ་ཤ་ཡཱ་ 30:26།

མ་ཤི་ཀའི་རྨས་ཁྱེད་ཚོ་སོས་པ་ཡིན།
1 པེ་ཊོ་ 2:24།

=================================

October 1, 2023; Sunday

ཨོག་ཊོ་བར་ཚེས་ 1།   གཟའ་ཉི་མ།

བདུན་ཕྲག་གི་གསུང་།
མ་ཤི་ཀ་ཡེ་ཤུས་ཇི་ལྟར་དགོངས་པ་ལྟར་ཁྱེད་ཚོས་ཀྱང་ཕན་ཚུན་དེ་ལྟར་སོམས་ཤིག
ཕི་ལིབ་པི་པ་ 2:5།

ས་གཞིའི་ནང་སྙིང་རྗེ་དང་། གཤགས་དྲང་དང་། དྲང་བ་ཉིད་ཀྱི་ནང་ན་སྲིད་སྐྱོང་མཁན་དེ་ནི་ང་ཡ་ཧོ་ཝཱ་ལགས།
ཡེ་རེམ་ཡཱ་ 9:24།

འདུམ་བྱེད་མཁན་རྣམས་ཀྱིས་དྲང་བ་ཉིད་ཀྱི་འབྲས་བུའི་ས་བོན་མདུམ་གྱི་སྒོ་ནས་འདེབས་སོ།
ཡ་ཀོབ་ 3:18།

=================================

September 30, 2023; Saturday

སེབ་ཊེམ་བར་ཚེས་ 30།   གཟའ་སྤེན་པ།

གསུང་མགུར་ 113།
ཨེ་ཟེ་ཀི་ཨེལ་ 3--4:5།
ཨིབ་རི་པ་ 10:5-18།

ཉོན་མོངས་དང་ལྡན་པའི་གཏེར་ཆེན་པོ་ལས། ཡ་ཧོ་ཝཱ་ལ་འཇིགས་པ་དང་བཅས་པའི་ནོར་ཉུང་བ་ལེགས།
ལེགས་བཤད་ 15:16།

ནོར་བརྣབ་དང་བྲལ་ཏེ་ཅི་ཡོད་པ་དེ་ལ་ཚིམ་ཞིག  
ཨིབ་རི་པ་ 13:5།

=================================

September 29, 2023; Friday

སེབ་ཊེམ་བར་ཚེས་ 29།   གཟའ་པ་སང་།

གསུང་མགུར་ 112།
ཨེ་ཟེ་ཀི་ཨེལ་ 1, 2།
ཨིབ་རི་པ་ 9:23-10:4།

དཀོན་མཆོག་ནི་ཁྱེད་དང་འགྲོགས་པའི་སྐད་ཆ་ང་ཚོས་ཐོས་པས། ངེད་ཁྱེད་དང་སྡོངས་ནས་འགྲོ་བར་བྱའོ།
ཟེ་ཀར་ཡཱ་ 8:23།

འཆད་པ་པོ་མེད་པར་ཅི་ལྟར་ཐོས།
རོ་མ་པ་ 10:14།

=================================

September 28, 2023; Thursday

སེབ་ཊེམ་བར་ཚེས་ 28།   གཟའ་ཕུར་པུ།

གསུང་མགུར་ 111།
སྐྱོ་གླུ་ 4, 5།
ཨིབ་རི་པ་ 9:11-22།

།ཡ་ཧོ་ཝཱས་ཉིད་ཀྱི་མི་སྡེ་སྤང་མི་བྱ། 
།ཁོང་གིས་སྐལ་དེ་ཡང་སྐྱུར་མི་འགྱུར།
གསུང་མགུར་ 94:14།

ང་ཚོའི་ཕ་ཡུལ་ནི་ནམ་མཁའ་ན་ཡོད། དེ་ཕྱོགས་ནས་སྐྱབས་མགོན་ཡེ་ཤུ་ལགས་པའི་གཙོ་བོ་ཡེ་ཤུ་མ་ཤི་ཀ་འབྱོན་པ་ལ་ང་ཚོ་སྒུག་གོ
ཕི་ལིབ་པི་པ་ 3:20།

=================================

September 27, 2023; Wednesday

སེབ་ཊེམ་བར་ཚེས་ 27།   གཟའ་ལྷག་པ།

གསུང་མགུར་ 110།
སྐྱོ་གླུ་ 3:16-66།
ཨིབ་རི་པ་ 9:1-10།

ས་ཡི་གཏིང་ཟབ་རྣམས་དཀོན་མཆོག་ཕྱག་ཡོད། །རི་བོ་རྣམས་ཀྱི་རྩེ་མོའང་ཁོང་གི་ཡིན།
གསུང་མགུར་ 95:4།

གནམ་ས་དང་རྒྱ་མཚོ་དང་ཆུ་མིག་མཛད་མཁན་ལ་བསྙེན་བཀུར་བྱོས་ཤིག
མངོན་པ་ 14:7།

=================================

September 26, 2023; Tuesday

སེབ་ཊེམ་བར་ཚེས་ 26།   གཟའ་མིག་དམར།

གསུང་མགུར་ 109:21-31།
སྐྱོ་གླུ་ 2:11-3:15།
ཨིབ་རི་པ་ 8།

བདག་གི་སྡུག་བསྔལ་ཁྱེད་ཀྱིས་གཟིགས་ཏེ་ཡོད། །བདག་གི་སེམས་སྡུག་ནི་ཁྱེད་ཀྱིས་མཁྱེན་ཡོད།
གསུང་མགུར་ 31:7།

དེ་ལ། ཁྱིམ་དུ་གཉེན་རྣམས་ཀྱི་རྩར་སོང་ནས། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཇི་མཛད་པ་དང་། བརྩེ་བར་གཟིགས་པ་དེ་ཤོད་ཅིག་ཅེས་བཀའ་གནང་ངོ་།
མར་ཀུ་ 5:19།

=================================

September 25, 2023; Monday

སེབ་ཊེམ་བར་ཚེས་ 25།   གཟའ་ཟླ་བ།

གསུང་མགུར་ 109:8-20།
སྐྱོ་གླུ་ 1:16-2:10།
ཨིབ་རི་པ་ 7:18-28།

ཡ་ཧོ་ཝཱའི་བཀའ་དྲང་མཛད་པ་ཀུན་གྱི་ནང་། །ཐུགས་དྲང་བཞིན་དུ་མཛད་པའི་ཕྱིར་དུ་འོ།
གསུང་མགུར་ 33:4།

ཡེ་ཤུས། གནམ་ས་གཉིས་འདའ་ཡང་ངའི་བཀའ་འདའ་བར་མི་འགྱུར་གསུངས་སོ།
མད་ཐཱ་ 24:35།

=================================

September 24, 2023; Sunday

སེབ་ཊེམ་བར་ཚེས་ 24།   གཟའ་ཉི་མ།

ཡོ་ནཱ་ 3:10-4:11།
གསུང་མགུར་ 145:1-8།
ཕི་ལིབ་པི་པ་ 1:21-30།
མད་ཐཱ་ 20:1-16།

བདུན་ཕྲག་གི་གསུང་།
ང་གསོན་པ་མ་ཤི་ཀའི་ཕྱིར་དུ་སྟེ། འཆི་བའང་ང་ལ་ཕན་ནོ།
ཕི་ལིབ་པི་པ་ 1:21།

ཁྱོད་རང་དང་འདྲ་བར་ཁྱིམ་མཚེས་པ་ལ་གཅེས་པར་འཛིན་པར་དགོས།
ལེ་ཝི་ 19:18།

ས་མར་ཡཱ་པ་ཞིག་བྱེས་སུ་འགྲོ་བ་ལས་དེར་བསླེབས་ནས། ཁོ་མཐོང་བ་དང་སྙིང་རྗེ་སྐྱེ་ཞིང་། མདུན་དུ་སོང་ནས། རྨ་ལ་འབྲུ་མར་དང་། རྒུན་ཆང་བླུགས་ནས་བསྡམས་ཏེ། རང་གི་བཞོན་པ་ལ་བསྐྱོན་ཏེ། འགྲུལ་ཁང་ཞིག་ལ་ཁྱེར་ནས་ཉ་ར་བཅོལ་ལོ།
ལུ་ཀ་ 10:33-34།

=================================

September 23, 2023 Saturday

སེབ་ཊེམ་བར་ཚེས་ 23།
གཟའ་སྤེན་པ།

གསུང་མགུར་ 109:1-7།
སྐྱོ་གླུ་ 1:1-15།
ཨིབ་རི་པ་ 7:4-17།

།ཁྱོད་སྐྱེང་བར་མི་འགྱུར་བས། མ་འཇིགས་ཤིག །
ཡེ་ཤ་ཡཱ་ 54:4།

།ངས་དེ་འཛིན་ཡོད་པ་མི་སེམས་པར། རྒྱབ་ལ་ཡོད་པ་དེ་བརྗེད་དེ། མདུན་དུ་ཡོད་པའི་ཕྱོགས་སུ་འཚང་ངོ་ཞེས་པའུ་ལུས་བྲིས་སོ།
ཕི་ལིབ་པི་པ་ 3:13།

=================================

September 22, 2023 Friday

སེབ་ཊེམ་བར་ཚེས་ 22།   གཟའ་པ་སང་།

གསུང་མགུར་ 108:6-13།
ཡེ་རེམ་ཡཱ་ 22།
ཨིབ་རི་པ་ 6:13-7:3།

ཀྱེ་ཧོ། ཁྱེད་ལ་རྒྱུས་མེད་པའི་མི་སྡེ་ཞིག་ལའང་ཁྱེད་ཀྱིས་འབོད་པར་འགྱུར། ཡང་ཁྱེད་ཀྱི་ངོ་མི་ཤེས་པའི་མི་རིགས་རྣམས་ཀྱིས་ཀྱང་ཁྱེད་དཔལ་དང་ལྡན་པར་མཛད་པའི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་དང་། ཡིས་ར་ཨེལ་གྱི་དམ་པ་ཉིད་ཀྱི་དོན་དུ་ཁྱེད་ཀྱི་དྲུང་དུ་རྒྱུག་གིན་འོང་བར་འགྱུར་རོ།
ཡེ་ཤ་ཡཱ་ 65:5།

གང་ལས་གནམ་ས་གཉིས་ནང་ཡོད་པའི་ ནང་ཚང་རེ་རེ་ལ་མིང་ཐོགས་པའི་ཡབ་ཀྱི་དྲུང་དུ། པུས་མོ་ས་ལ་གཙུག་གོ །
ཨེ་ཕེ་སུ་པ་ 3:14,15།

=================================

September 21, 2023; Thursday

སེབ་ཊེམ་བར་ཚེས་ 21།   གཟའ་ ཕུར་པུ།

གསུང་མགུར་ 108:1-5།
ཡེ་རེམ་ཡཱ་ 51:24-64།
ཨིབ་རི་པ་ 6:1-12།

དེ་ཡིས་བདག་ལ་བག་འབའ་ཞིག་བྱེད་ཅིང་། དེ་ཚོས་ངའི་ཞལ་གདམས་ཐམས་ཅད་སླང་བར་བྱའོ།
ཟེ་ཕན་ཡཱ་ 3:7།


།དེ་ནས་ཡེ་ཤུ་མཆོད་ཁང་དུ་བྱོན་ནས། ཚོང་པ་རྣམས་འདོན་ཞིང་། དེ་རྣམས་ལ། ངའི་ཁང་པ་སྨོན་ལམ་ཁང་ཞེས་བྲིས་ཡོད་གསུངས་སོ།
ལུ་ཀ་ 19:45-46།

=================================

September 20, 2023; Wednesday

སེབ་ཊེམ་བར་ཚེས་ 20།   གཟའ་ལྷག་པ།

གསུང་མགུར་ 107:33-43།
ཡེ་རེམ་ཡཱ་ 50:41-51:23།
ཨིབ་རི་པ་ 5།

ཡ་ཧོ་ཝཱ་ལ་གདེང་ཚད་སྟོབས་ཆེ་བ་ཡོད།
ལེགས་བཤད་ 14:26།

ང་ཚོ་མ་ཤི་ཀའི་བྱམས་པ་ལས་སུས་ཕྲལ་ནུས། སྡག་བསྔལ་ལམ། མྱ་ངན་ནམ། འཚེ་བའམ། ལྟོགས་པའམ། འཁྱགས་སྤའམ། འཇིགས་པའམ། རལ་གྲིས་འཕྲལ་ནུས་སམ།
རོ་མ་པ་ 8:35།

=================================

September 19, 2023; Tuesday

སེབ་ཏེམ་བར་ཚེས་ 19།   གཟའ་མིག་དམར།

གསུང་མགུར་ 107:23-32།
ཡེ་རེམ་ཡཱ་ 50:1-40།
ཨིབ་རི་པ་ 4:6-16།

ཀྱེ་མི་རྣམས་ཁོང་ལ་དུས་རྒྱུན། །བློ་ཐོད་ཁོང་དྲུང་སྙིང་བླུགས་ཤིག །ངེད་ཀྱི་ཡིབ་ས་དཀོན་མཆོག་ཡིན།
གསུང་མགུར་ 62:8།

དུས་དེའི་ཚེ། ཡེ་ཤུ་ཐུགས་དམ་གྱི་ཕྱིར་རིར་ཕེབས་ནས། མཚན་གང་དཀོན་མཆོག་ལ་སྨོན་ལམ་བཏབ་བོ།
ལུ་ཀ་ 6:12།

=================================

September 18, 2023; Monday

སེབ་ཊེམ་བར་ཚེས་ 18།   གཟའ་ཟླ་བ།

གསུང་མགུར་ 107:17-22།
ཡེ་རེམ་ཡཱ་ 49:17-39།
ཨིབ་རི་པ་ 3:16-4:5།

སེམས་ཉིད་ཚང་མ་ངའི་ཡིན་ཤེས་ཤིག །
ཨེ་ཟེ་ཀི་ཨེལ་ 18:4།

སྐུལ་མ་ཐམས་ཅད་ནི། མི་ཐམས་ཅད་ཀྱི་དོན་དུ་གསོལ་བ་དང་། སྨོན་ལམ་དང་། ཞུ་བ་བང་། གཏང་རག་ཕུལ་ཞིག་ཅེས་པའུ་ལུས་བྲིས་སོ།
1 ཏི་མོ་ཐིའུ་ 2:1།

=================================

September 17, 2023; Sunday

སེབ་ཊེམ་བར་ཚེས་ 17།   གཟའ་ཉི་མ།

འགོད་པ་ 50:15-21།
གསུང་མགུར་ 103:(1-7)8-12།
རོ་མ་པ་ 14:1-12།
མད་ཐཱ་ 18:21-35།

བདུན་ཕྲག་གི་གསུང་།
ང་ཡི་སེམས་ཀྱེ་ཡ་ཧོ་ཝཱར་བསྟོད་ཅིང་། 
ཁོང་གི་བཀའ་དྲིན་ཚང་མ་མ་རྗེད་ཅིག 
གསུང་མགུར་ 103:2།

ཡུལ་དེའི་མིས་ང་ན་ ང་ཚ་ སྨྲ་བར་མི་འགྱུར། དེར་གནས་པའི་མི་རྣམས་ཀྱི་ཉེས་ལྟུང་སེལ་བར་འགྱུར་རོ།
ཡེ་ཤ་ཡཱ་ 33:24།

མ་ཤི་ཀས་ང་ལ། མ་འཇིགས་ཤིག །ང་ནི་ཐོག་མ་དང་མཐའ་མ་་དང་། གསོན་པོ་དེ་ཡིན། ང་གྲོངས་པ་ཡིན་ཏེ་ལྟོས་ཤིག་ད་རྟག་ཏུ་གསོན་པོར་གནས་སོ། །འཆི་བ་དང་གཤིན་ཁམས་ཀྱི་ལྡེ་མིག་ང་ལ་ཡོད་གསུངས་སོ།
མངོན་པ་ 1:17-18།

=================================

September 16, 2023; Saturday

སེབ་ཊེམ་བར་ཚེས་ 16།   གཟའ་སྤེན་པ།

གསུང་མགུར་ 107:10-16།
ཡེ་རེམ་ཡཱ་ 48:26-49:16།
ཨིབ་རི་པ་ 3:1-15།

ཁྱེད་ཀྱིས་ངའི་སེམས་ཀྱི་་རྒྱུ་རྐྱེན་ཕྱིར་ཁྲབ་སྟེ་ངའི་སྲོག་སྒྲལ།
སྐྱོ་གླུ་ 3:58།

མ་ཤི་ཀའི་ཞབས་རྗེས་ལ་འབྲང་བའི་ཕྱིར། ཁྱེད་ཚོར་མ་དཔེ་སྟོན་ཅིང་། ཁོང་གིས་ཁྱེད་ཚོའི་དོན་དུ་སྡུག་བསྔལ་བཞེས་པས། དོན་དེའི་ཕྱིར་ཁྱེད་ཚོ་བོས་པ་ཡིན། སྐུར་པ་བཏབ་པ་རྣམས་ལ་བཀའ་བཀྱོན་མ་གནང་། འཚེ་བ་རྣམས་ལ་འཇིགས་སྐྲག་མ་སླང་བར་ཞལ་ཆེ་དྲང་པོར་གཅོད་པ་ཁོང་ལ་གཏད་དོ།
1 པེ་ཊོ་ 2:21-23།

=================================

September 15, 2023; Friday

སེབ་ཊེམ་བར་ཚེས་ 15།   གཟའ་པ་སང་།

གསུང་མགུར་ 107:1-9།
ཡེ་རེམ་ཡཱ་ 47:1-48:25།
ཨིབ་རི་པ་ 2:8-18།

ངའི་སྙིང་ང་རང་གི་ནང་ན་འཁོར་ཞིང་། ངའི་ཤ་ཚ་བའི་བསམ་རྣམས་མེ་ལྟར་འབར་རོ། རང་གི་ཁྲོ་གཏུམ་བཞིན་དུ་ངས་མི་སྤྱོད། ང་ནི་མི་ཞིག་མིན་ཏེ་དཀོན་མཆོག་ལགས། ཁྱོད་ཀྱི་དཀྱིལ་ན་དམ་པ་ཉིད་ལགས།
ཧོ་ཤེ་ཨ་ 11:8-9།

ཡེ་ཤུས།
ཞལ་ཆེ་གཅོད་དུ་ང་མ་འོངས།
འཇིག་རྟེན་སྐྱོབ་ཏུ་ང་འོངས་སོ།
གསུངས་སོ།
ཡོ་ཧ་ནན་ 12:47།

=================================

September 14, 2023; Thursday

སེབ་ཊེམ་བར་ཚེས་ 14།   གཟའ་ཕུར་པུ།

གསུང་མགུར་ 106:40-48།
ཡེ་རེམ་ཡཱ་ 45, 46།
ཨིབ་རི་པ་ 1:10-2:8།

ཕ་ཡིས་བུ་ལ་སྙིང་རྗེ་བྱེད་པ་བཞིན། །ཡ་ཧོ་ཝཱར་གཇིགས་མཁན་རྣམས་ལའང་སྙིང་རྗེ་མཛད།
གསུང་མགུར་ 103:13།

ཁྱོད་ཚོ་ངན་པ་ཡིན་བཞིན་དུ་རང་ཕྲུག་ལ་རྫས་བཟང་པོགཏོང་བར་ཤེས་ན། ཁྱོད་ཚོའི་ནམ་མཁའི་ཡབ་ཀྱིས་ཞུ་མཁན་ལ་རྫས་བཟང་པོ་ཅི་ཙམ་མི་གནང་།
མད་ཐཱ་ 7:11།

=================================

September 13, 2023; Wednesday

སེབ་ཊེམ་བར་ཚེས་ 13།   གཟའ་ལྷག་པ།

གསུང་མགུར་ 106:32-39།
ཡེ་རེམ་ཡཱ་ 44།
ཨིབ་རི་པ་1:1-9།

སྤུན་ཚོར་ཁྱེད་མཚན་འཆད་ཅིང་ཚོགས་ནང་ཁྱེད་ལ་བསྔགས་པར་བྱ།
གསུང་མགུར་ 22:22།

ཡེ་ཤུས་ཁོང་རང་གི་ཉེ་གནས་ཕྱིར་ཞུ་སྣ་མཛད་ཅིང་། ཡབ་ལགས། ང་གཉིས་གཅིག་ཡིན་པ་ལྟར། དེ་ཚོ་གཅིག་ཏུ་འགྱུར་བའི་ཕྱིར། ཁྱེད་ཀྱིས་ ང་ལ་སྩལ་བའི་དཔལ་བརྗིད་དེ་ཚོར་སྦྱིན་ནོ་གསུངས་སོ།
ཡོ་ཧ་ནན་ 17:22།

=================================

September 12, 2023; Tuesday

སེབ་ཊེམ་བར་ཚེས་ 12།   གཟའ་མིག་དམར།

གསུང་མགུར་ 106:24-31།
ཡེ་རེམ་ཡཱ་ 42, 43།
ཕེ་ལེ་མོན་ 1:12-25།

ཅི་ལྟར་ངས་ཁྱེད་ཅག་གླག་གི་ཤོག་པ་རྣམས་ཀྱི་ཁར་ཁུར་ཞིང་ངའི་དྲུང་དུ་འཁྲིད་པར་བྱས་པ་དེ་ཁྱེད་ཅག་གིས་མཐོང་བ་ཡིན།
འཐེགས་པ་ 19:4།

དེའི་ཕྱིར་རྔན་པ་ཆེན་པོ་ཡོད་པའི་སྙིང་སྟོབས་དེ་མ་སྤོངས་ཤིག །
ཨིབ་རི་པ་ 10:35།

=================================

September 11, 2023; Monday

སེབ་ཊེམ་བར་ཚེས་ 11།   གཟའ་ཟླ་བ།

གསུང་མགུར་ 106:13-23།
ཡེ་རེམ་ཡཱ་ 40, 41།
ཕེ་ལེ་མོན་ 1:1-11།

མིར་རྟེན་པ་བས་ཡ་ཧོ་ཝཱར་གདེང་བ་དྲག
གསུང་མགུར་ 118:8།

ངས་ཁྲིམས་རར་ཉེས་ཅན་མིན་པའི་ཁུངས་སྐྱེལ་རེས་དང་པོར་སུས་ཀྱང་ངའི་ཕྱོགས་མ་བྱས་ཀྱིས་ཐམས་ཅད་ཀྱིས་ང་སྤངས་སོ། དེའི་ལན་དེ་རྣམས་ལ་མ་ཕོག་ཅིག །གཙོ་བོ་ང་མཉམ་བཞུགས་ཤིང་ང་ལ་ཤུགས་གནང་ངོ་ཞེས་པའུ་ལུས་བྲིས་སོ།
2 ཏི་མོ་ཐིའུ་ 4:16-17།

=================================

September 10 Sunday 2023

།སེབ་ཏེམ་བར་ཚེས་ ༡༠།
།གཟའ་ཉི་མ།

ཨེ་ཟེ་ཀི་ཨེལ་ ༣༣:༧-༡༡།
།གསུང་མགུར་ ༡༡༩:༣༣-༤༠།
།རོ་མ་པ་ ༡༣:༨-༡༤།
།མད་ཐཱ་ ༡༨:༡༥-༢༠།

།བདུན་ཕྲག་གི་གསུང་།
།ཀྱེ་དཀོན་མཆོག །
།བློ་གྲོས་གནོང་དང་བཀའ་ཁྲིམས་སྲུང་བར་བྱ། །འོ་ན་སྙིང་ཧྲིལ་པོས་དེ་སྲུང་བར་བྱ།
།གསུང་མགུར་ ༡༡༩:༣༤།

།དཀོན་མཆོག་གིས་ང་སྡུག་བསྔལ་མྱང་བའི་ཡུལ་ན་ང་བརྒྱུད་དང་
ལྡན་པར་མཛད་དོ།
།འགོད་པ་ ༤༡:༥༢།

།སྡུག་བསྔལ་ལས་བཟོད་སེམས་དང་། བཟོད་སེམས་ལས་ཉམས་ལེན་དང་། ཉམས་ལེན་ལས་རེ་བ་འབྱུང་བ་ཤེས་པས། སྡུག་བསྔལ་གྱི་ནང་དུའང་ང་ཚོ་དགའ་མགུ་རང་ངོ་།
།རོ་མ་པ་ ༥:༣-༤།

=================================

September 9, 2023; Saturday

སེབ་ཏེམ་བར་ ཚེས་9།   གཟའ་སྤེན་པ།

གསུང་མགུར་ 106:6-12།
ཡེ་རེམ་ཡཱ་ 38:14-39:18།
ཏི་ཏུ་ 3:3-15།

མི་རབས་སྟོང་དོན་གསུངས་པའི་བཀའ་སྩལ་ལམ། །ཉིད་ཀྱི་ཞལ་ཆད་གཏན་ཕྱིར་ཐུགས་སུ་་བཞག །
གསུང་མགུར་ 105:8།

དཀོན་མཆོག་གི་གནང་སྦྱིན་དང་འགུག་པའི་ཕྲིན་ལས་ནི་འགྱུར་མེད་ལགས་སོ།
རོ་མ་པ་ 11:29།

=================================

September 8, 2023; Friday

སེབ་ཊེམ་བར་ཚེས་ 8།   གཟའ་པ་སང་།

གསུང་མགུར་ 106:1-5།
ཡེ་རེམ་ཡཱ་ 37:1-38:13།
ཏི་ཏུ་ 2:6-3:2།

ཁྱོད་ཀྱི་གཤིན་པོ་རྣམས་ལང་བར་འགྱུར།
ཡེ་ཤ་ཡཱ་26:19།

ང་ཚོར་དཔང་པོའི་སྤྲིན་སྤུང་འདི་ཙམ་གྱིས་བསྐོར་བས། ང་ཚོས་ཀྱང་ཁུར་གང་ཡིན་པ་ཐམས་ཅད་དང་ལས་སླ་མོར་འཁྲིལ་བའི་སྡིག་པ་རྣམས་སྤང་བའི་རིགས་སོ།
ཨིབ་རི་པ་ 12:1།

=================================

September 7, 2023; Thursday

སེབ་ཊེམ་བར་ཚེས་ 7།   གཟའ་ཕུར་པུ།

གསུང་མགུར་ 105:37-45།
ཡེ་རེམཡཱ་ 36༦།
ཏི་ཏུ་ 1:10-2:5།
 
དེ་རིང་ཡ་ཧོ་ཝཱ་ནས་གསུང་བརྟག་ཞུས་ཤིག །
2 སྔོན་རབས་ 18:4།

ཁྱོད་ཀྱིས་ནི་སུ་ལས་སློབ་པ་དེ་ཤེས་ཤིང་། བསླབ་བྱ་དང་དད་པའི་ནང་དུ་གནས་ཤིག
2 ཏི་མོ་ཐིའུ་ 3:14།

=================================

September 6, 2023; Wednesday

སེབ་ཊེམ་བར་ཚེས་ 6།   གཟའ་ལྷག་པ།

གསུང་མགུར་ 105:23-36།
ཡེ་རེམ་ཡཱ་ 34:8-35:19།
ཏི་ཏུ་ 1:1-9།

མི་རེ་རེས་རང་གི་ཁྱིམ་མཚེས་ལ་ཚིག་དྲང་པོ་སྨྲོས་ཤིག །རང་གི་རྒྱ་སྒོར་ཁྲིམས་དྲང་པོ་དང་། བདེ་བའི་ཞལ་ཆེ་ཆོད་ཅིག
ཟེ་ཀར་ཡཱ་ 8:16།

ང་ཚོས་ཕན་ཚུན་ཞི་བདེ་དང་ ཡར་སྐྱེད་ལ་བརྩོན་པར་བྱའོ།
རོ་མ་པ་ 14:19།

=================================

September 5, 2023; Tuesday

སེབ་ཊེམ་བར་ཚེས་ 5།   གཟའ་མིག་དམར།

གསུང་མགུར་ 105:16-22།
ཡེ་རེམ་ཡཱ་ 33:6-34:7།
2 ཏི་མོ་ཐིའུ་ 4:9-22།

ངས་ཁྱོད་ཀྱི་འགལ་སྐྱོན་རྣམས་སྤྲིན་འཐུག་པོ་ལྟར་དང་། ཁྱོད་ཀྱི་ཉེས་སྡིག་རྣམས་སྤྲིན་ལྟར་བསལ་ཏེ། ངས་ཁྱོད་བླུས་པས། ངའི་ཕྱོགས་སུ་ལོག་ཤོག
ཡེ་ཤ་ཡཱ་ 44:22།

བཀའ་རྒྱའི་བུན་ཡིག་ང་ཚོ་ལ་སྐྱོན་འགེལ་བ་དེ་ལ་དཀོན་མཆོག་གིས་སེལ་རྒྱབ་ནས། རྒྱང་ཤིང་ཁར་གཟེར་གྱིས་སྦྱར་ནས་མེད་པར་མཛད་དོ།
ཀོ་ལོ་ས་པ་ 2:14།

=================================

September 4, 2023; Monday

སེབ་ཊེམ་བར་་ཚེས་  4།    གཟའ་ཟླ་བ།

གསུང་མགུར་ 105:8-15།
ཡེ་རེམ་ཡཱ་ 32:16-33:5།
2 ཏི་མོ་ཐིའུ་ 3:10-4:8།

ཀྱེ་ངའི་དཀོན་མཆོག་ངའི་ཁོག་ནང་།
བདག་གི་སེམས་ནི་འཕམ་པས་ན།
ཁྱེད་དྲན་ནོ།།
གསུང་མགུར་ 42:6།

ངས་ཁྱེད་དྭ་ཕྲུག་ལ་མི་འབོར། ཁྱེད་ཀྱི་རྩར་འོང་བར་བྱའོ།
ཡོ་ཧ་ནན་ 14:18།

=================================

September 3, 2023; Sunday

སེབ་ཊེམབར་ཚེས་ ༣།   གཟའ་ཉི་མ།

ཡེ་རེམ་ཡཱ་ 15:15-21།
གསུང་མགུར་ 26:1-8།
རོ་མ་པ་ 12:9-21།
མད་ཐཱ་ 16:21-28།

བདུན་ཕྲག་གི་གསུང་།
ཡེ་ཤུས་ཉེ་གནས་རྣམས་ལ། ངའི་རྗེས་སུ་འབྲང་བ་འདོད་པ་དེས། བདག་འཛིན་སྤོང་ལ། རང་གི་རྐྱང་ཤིང་འཁུར་ཞིང་ངའི་ཕྱི་བཞིན་འབྲོངས་གསུངས་སོ།
མད་ཐཱ་ 16:24།

ནམ་མཁའ་ནས་ཚུར་གཟིགས་ཤིག །ཉིད་ཀྱི་བཞུགས་གནས་དམ་པ་དང་གཟི་བྱིན་ལྡན་པ་ནས་གཟིགས་སུ་གསོལ། ཁྱེད་ཀྱི་ཐུགས་རུས་དང་མཐུ་སྟོབས་ག་ན་ཡོད།
ཡེ་ཤ་ཡཱ་63:15།

ང་ཚོ་ནི་ཐུགས་ཉིད་ཀྱི་ངང་ལས་དད་པའི་ཐབས་ཀྱིས་ཐར་པའི་རེ་བས་སྒུག་གོ །
ག་ལད་ཡཱ་པ་ 5:5།

=================================

September 2, 2023; Saturday

སེབ་ཊེམ་བར་་ཚེས་  2།    གཟའ་སྤེན་པ།

གསུང་མགུར་ 105:1-7།
ཡེ་རེམ་ཡཱ་ 31:13-32:15།
2 ཏི་མོ་ཐིའུ་ 3:1-9།

རྫུན་གྱི་གཏམ་མ་སྒྲོག་ཅིག
འཐེགས་པ་ 23:1།

ང་ཚོ་ཕན་ཚུན་ཡན་ལག་ཡིན་པས། རྫུན་སྤངས་ཏེ། རེ་རེས་ཁྱིམ་མཚེས་ལ་དྲང་པོ་སྨྲོས་ཤིག
ཨེ་ཕེ་སུ་པ་ 4:25།

=================================

September 1 2023, Friday

སེབ་ཊེམ་བར་ཚེས་ 1།   གཟའ་པ་སང་།

གསུང་མགུར་ 104:31-35།
ཡེ་རེམ་ཡཱ་ 30:12-31:22།
2 ཏི་མོ་ཐིའུ་ 2:14-26།

ད་ཁྱོད་རང་གིས་གྲོས་མང་དྲགས་པས་ཁྱོད་ཐང་ཆད།
ཡེ་ཤ་ཡཱ་ 47:13།

རང་དྲག་པར་མ་སེམས་པར་མཁས་པ་ཡིན་པར་མ་རློམས་ཤིག
རོ་མ་པ་ 12:16།

=================================

August 31, 2023; Thursday

ཨ་གསཊ་ཚེས་ 31།  གཟའ་ཕུར་པུ།

གསུང་མགུར་ 104:24-30།
ཡེ་རེམ་ཡཱ་ 29:15-30:11།
2 ཏི་མོ་ཐིའུ་ 2:1-13།

།ཡ་ཧོ་ཝཱས་ནམ་མཁའི་ཟས་ཀྱིས་འགྲངས་པར་མཛད།
།ཁོང་གིས་བྲག་ཧྲལ་ཆུ་རྣམས་རྡོལ་བྱུང་ནས།
།ཐང་སྐམ་ནང་དུ་གཙང་པོ་ལྟར་དུ་བརྒྱུགས། 
།དམ་པའི་བཀའ་དེ་དྲན་པས་དེ་ལྟར་མཛད།
གསུང་མགུར་ 105:40-42།

།ངེད་ཀྱི་ཉི་མ་རེའི་ཁ་ཟས།
།དེ་རིང་ཡང་ནི་གནང་བར་མཛོད།
མད་ཐཱ་ 6:11།

=================================

August 30 Wednesday 2023

ཨ་གསཊ་ཚེས་ 30།   གཟའ་ལྷག་པ།

གསུང་མགུར་ 104:19-23།
ཡེ་རེམ་ཡཱ་ 28:1-29:14།
2 ཏི་མོ་ཐིའུ་ 1:8-18།

ཀྱེ་ཡ་ཧོ་ཝཱ་དཀོན་མཆོག །ཁྱེད་ཀྱི་བདག་ཏུ་མཛད་པའི་མི་སྡེ་དེ་ཁྱེད་ཀྱི་དབང་གིས་བསྒྲལ་བར་མཛད་ཅིང་། ཁྱེད་ཀྱི་ཕྱག་མཐུ་ལྡན་གྱིས་མི་སེར་ཡུལ་གྱི་ཕྱི་རོལ་དུ་བཏོན་པ་དེ་མེད་པར་མ་མཛད་ཅིག །
བཀའ་ལུང་ 9:26།

དཀོན་མཆོག་གིས་ཉིད་ཀྱི་སྲས་ཀྱང་མ་ཕངས་པར་ང་ཚོ་ཐམས་ཅད་ཀྱི་དོན་དུ་བཏད་པས། གཞན་ཐམས་ཅད་ཞོར་ལ་མི་གནང་ངམ།
རོ་མ་པ་ 8:32།

གཞན་མའ་ ཕུལ་ཅེས།

Your encouragement is valuable to us

Your stories help make websites like this possible.